ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་28ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་གྲོང་ཨུད་ཀྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་སྐབས་གྲོང་ཁྱེར་འཛུགས་སྐྲུན་དང་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོར་གཏོང་སོགས་ཀྱི་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་གནང་ཞིང་། ཁོང་གིས་ནན་གསུངས་གནང་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་དེ་བཞིན་གྲོང་ཨུད་ཀྱི་ལས་ཀའི་བཀོད་སྒྲིག་བཅས་ལག་བསྟར་བྱེད་པ། སྤྱི་ཡོངས་ཀྱི་འདུ་ཤེས་དང་བརྒྱུད་རིམ་ལྡན་པའི་བསམ་གཞིགས་མཐའ་འཁྱོངས་བྱེད་པ། གྲོང་ཁྱེར་གྱི་རྣམ་པ་དང་སྤུས་ཚད་མུ་མཐུད་ལེགས་སུ་གཏོང་བ། གྲོང་ཁྱེར་ཡོངས་ཀྱི་རིག་གནས་ཡུལ་སྐོར་གྱི་མི་མངོན་པའི་སྟོབས་ཤུགས་རྒྱུན་མཐུད་སྔོག་འདོན་བཅས་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གོམ་སྟབས་གསར་པ་སྤོ་བ་དང་གྲུབ་འབྲས་དེ་བས་ཆེ་བ་ཐོབ་པར་བྱེད་དགོས།
གྲོང་ཁྱེར་གྱི་འགོ་ཁྲིད་ཝང་ཆང་དང་། ལི་ཅང་ཤིན། ཝང་ཧུའེ། ཞུས་ཧའེ། ཀྲང་ཁྲུན་དབྱང་བཅས་ཚོགས་འདུར་ཞུགས་པ་རེད།
ཚོགས་འདུའི་ཐོག་གྲོང་ཁྱེར་འཛུགས་སྐྲུན་རྣམ་གྲངས་ལ་སྐུལ་འདེད་གཏོང་ཚུལ་སྐོར་གྱི་འབྲེལ་ཡོད་སྙན་ཞུར་གསན་པ་དང་འབྲེལ་གྲོང་ཁྱེར་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་སྔར་བས་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐད་ཞིབ་འཇུག་གནང་བ་རེད།
ཤའོ་ཡིའུ་ཚའེ་ཡིས་ནན་གསུངས་གནང་དོན། རིམ་ཁག་ཚན་ཁག་གིས་བསམ་བློའི་ངོས་འཛིན་སྔར་བས་གཅིག་གྱུར་དང་། འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། ཡག་ཐོག་ཡག་བརྩེགས་ཀྱི་ལས་ཀའི་སྤྱོད་ཚུལ་དར་སྤེལ་གཏོང་བ་བཅས་བྱས་ཏེ། ཚད་གཞི་དེ་བས་མཐོ་བ་དང་སྤུས་ཚད་དེ་བས་མཐོ་བའི་སྒོ་ནས་གྲོང་ཁྱེར་འཛུགས་སྐྲུན་རྣམ་གྲངས་དོན་འཁྱོལ་དང་དེར་ཕན་འབྲས་ཐོན་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་དགོས། ཚད་མཐོའི་མཐོང་ཆེན་བྱེད་དགོས་ཤིང་། གྲོང་ཁྱེར་འཛུགས་སྐྲུན་བྱ་རྒྱུ་དེ་གྲོང་ཁྱེར་གྱི་རྣམ་པའི་སྤུས་ཚད་དང་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་དང་འབྲེལ་བ་ཡོད་པས།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社