分享按钮

ལྕགས་པོ་རིའི་ཞིང་ཞོར་ཉོ་ཚོང་ཁྲོམ་ར་སྤོས་ཏེ་ཕྱོགས་བསྡུས་ ནུས་པར་འཕོ་འགྱུར་ཆེན་པོ་བྱུང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། གྲོང་ཁྱེར་ཚང་མར་རང་ཉིད་ལ་དབང་བའི་གྲོང་ཁྱེར་གྱི་དྲན་ཤེས་རེ་ཡོད་པ་དང་ཞིང་ཞོར་ཉོ་ཚོང་ཁྲོམ་རས་དེའི་ཁྲོད་ཚབ་བྱེད་ཐབས་བྲལ་བའི་ནུས་པ་འདོན་སྤེལ་བྱེད་བཞིན་ཡོད། ལྕཊ་པོ་རིའི་ཞིང་ཞོར་ཉོ་ཚོང་ཁྲོམ་ར་གྲོང་ཤར་སྐུ་འབུམ་ཐང་ཕྱོགས་བསྡུས་ཞིང་ཞོར་ཉོ་ཚོང་ཁྲོམ་རར་སྤོས་པ་དེ་ནི་གྲོང་ཁྱེར་གསར་བརྗེས་དང་ཚོང་ལས་འཕོ་འགྱུར་གྱི་རྣམ་པ་གལ་ཆེན་ཞིག་རེད། ཁྲོམ་ར་གནས་སྤོས་བྱས་པ་ཡིས་གྲོང་ཁྱེར་གྱི་འཕེལ་རྒྱས་དང་ཚོང་ལས་ཀྱི་བཀོད་པ་ལེགས་སྒྲིག་དང་འབྲེལ་བ་ཡོད་པས་འགྱུར་ལྡོག་དང་ཤུགས་རྐྱེན་རབ་དང་རིམ་པ་ཐེབས་བཞིན་ཡོད། དེའི་དམིགས་ཡུལ་ནི་གྲོང་ཁྱེར་གྱི་རྣམ་པ་དང་ཚོང་ལས་ཀྱི་ཁོར་ཡུག་ལེཊ་སུ་གཏོང་བ་དང་། འཛད་སྤྱོད་པའི་དགོས་མཁོ་སྐོང་བ། དཔལ་འབྱོར་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་ཡིན་པ་རེད།

ལྕཊ་པོ་རིའི་ཞིང་ཞོར་ཉོ་ཚོང་ཁྲོམ་རར་ལོ་རྒྱུས་ཡུན་རིང་ལྡན་ཞིང་། ཞིང་ཞོར་ཉོ་ཚོང་ཁྲོམ་ར་འདིས་ལྷ་ས་གྲོང་ཁྱེར་གྱི་འཕོ་འགྱུར་དང་དར་རྒྱས་ཀྱི་དཔང་པོ་བྱེད་ཐུབ་ལ་མི་མང་པོའི་འཚོ་བ་དང་བརྩེ་དུང་གི་དྲན་འཆར་ཡང་མཚོན་ཐུབ།

(པར་ངོས་གསུམ་པར་གཟིགས)

པར་འདི་ནི་གྲོང་ཤར་སྐུ་འབུམ་ཐང་ཕྱོཊ་བསྡུས་ཞིང་ཞོར་ཉོ་ཚོང་ཁྲོམ་རའི་རྣམ་པ་ཡིན།

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-30 6 6 拉萨日报藏文 c191955.html 1 ལྕགས་པོ་རིའི་ཞིང་ཞོར་ཉོ་ཚོང་ཁྲོམ་ར་སྤོས་ཏེ་ཕྱོགས་བསྡུས་ ནུས་པར་འཕོ་འགྱུར་ཆེན་པོ་བྱུང་བ། /enpproperty-->