ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་11ཚེས་26ཉིན། བཀའ་དྲིན་དྲན་པ་དང་གཅེས་སེམས་འབུལ་ཞེས་པ་གཙོ་དོན་དུ་བྱས་པའི་ཞལ་འདེབས་རྒྱག་པའི་བྱེད་སྒོ་དེ་ཁྲེང་ཀོན་ཆུས་དབང་སྐྱོན་བྱིས་པའི་བདེ་ཐང་སླར་གསོ་ལྟེ་གནས་སུ་སྤེལ་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ་ཁྲེང་ཀོན་ཆུས་དབང་སྐྱོན་བྱིས་པའི་བདེ་ཐང་སླར་གསོ་ལྟེ་གནས་ཀྱི་དགེ་རྒན་ཚོས་སློབ་མ་ཚོར་དྲིན་གཟོའི་གལ་ཆེའི་རང་བཞིན་འགྲེལ་བཤད་བརྒྱབ་ནས་ཕྲུ་གུ་ཚོར་དྲིན་གཟོའི་བསམ་པ་ཚོར་དུ་བཅུག་པ་རེད། དེ་རྗེས་དགེ་རྒན་གྱི་འཐུས་མི་དང་སློབ་མའི་འཐུས་མིས་རིག་རྩལ་འཁྲབ་སྟོན་བྱས་པ་དང་།འདི་གའི་ཕྲུ་གུ་ཚང་མ་ནི“གཤོག་ཡ་ཆག་པའི་ཕོ་ཉ”ཡིན་པ་དང་ཆེད་ལས་ཀྱི་ལུས་གསོའི་དགེ་རྒན་གྱི་སྣེ་ཁྲིད་ཞིབ་ཚགས་འོག་ཁོང་ཚོས་དཔའ་ངར་ཞུམ་མེད་ཀྱི་སྙིང་རུས་ལ་བརྟེན་ནས་ལས་དབང་ལ་འཐབ་རྩོད་བྱས་པ་དང་དཀའ་ཚེགས་ཆེ་བའི་ཚོད་ལྟ་རེ་རེ་དང་ཡར་རྒྱས་ཕྲན་བུ་རེ་རེ་ལས་མི་རྣམས་ལ་རེ་བ་དང་སྟོབས་ཤུགས་ཚད་མེད་སྦྱིན་ཡོད།གར་སྟེགས་ཐོག་འཁྲབ་སྟོན་བྱེད་བཞིན་པའི་ཕྲུ་གུར་ལྟ་བཞིན་དུ་ཕ་མའི་བཞིན་རས་ནས་དགའ་སྤྲོའི་འཛུམ་མདངས་འཕྱུར་བཞིན་མཆིས།མཇུག་ཏུ་སི་ཁྲོན་ཐེན་ཧྥུ་ཁྲུའུ་ཆི་སྤྱི་ཚོགས་ཞབས་ཞུ་ལྟེ་གནས་ཀྱི་ལས་དོན་པས་ཕྲུ་གུ་ཚོར་དགུན་ཆས་སྤྲད་ནས་གྲང་ངར་ཆེ་བའི་དགུན་དུས་སུ་སྤྱི་ཚོགས་ཀྱི་དྲོ་སྐྱིད་ཚོར་ཐུབ་པར་བྱས་པ་རེད།
སི་ཁྲོན་ཐེན་ཧྥུ་ཁྲུའུ་ཆི་སྤྱི་ཚོགས་ཞབས་ཞུ་ལྟེ་གནས་ཀྱི་འགན་འཁུར་བ་ཤེ་ཅིང་གིས་ང་ཚོས་ད་རེས་སྤྱི་ཕན་བོད་ལྗོངས་དང་། སྐར་འོད་སྲུང་སྐྱོང་། འབྱུང་འགྱུར་ལ་བརྩེ་བ་བཅངས་ཞེས་པའི་སྤྱི་ཕན་རྣམ་གྲངས་སྤེལ་ནས་ཁྲེང་ཀོན་ཆུས་དབང་སྐྱོན་བྱིས་པའི་བདེ་ཐང་སླར་གསོ་ལྟེ་གནས་ཀྱི་ཕྲུ་གུ་ཚོར་དགུན་ཆས་སྤྲད་ཡོད།སླད་ཕྱིན།ང་ཚོས་སྤྱི་ཕན་བྱ་གཞག་ལ་གཞོལ་ནས་ཕྲུ་གུ་དེ་བས་མང་བར་དྲོ་སྐྱིད་དང་ཐུཊ་ཁུར་སྦྱིན་རྒྱུ་ཡིན་ཞེས་བཤད།
ད་ཐེངས་ཀྱི་ཞལ་འདེབས་འབུལ་བའི་བྱེད་སྒོས་ཕྲུ་གུ་ཚོར་དངོས་པོའི་ཐོག་ནས་རོགས་རམ་བྱས་པར་མ་ཟད།ད་དུང་གཅེས་སེམས་དང་དྲང་ནུས་བརྒྱུད་སྤྲོད་བྱས་པ་དེའི་ཐོག་ནས་སྤྱི་ཚོགས་ལས་རིགས་ཁག་གིས་དབང་པོ་སྐྱོན་ཅན་བྱིས་པར་དོ་ཁུར་བྱེད་ལུགས་མཚོན་ཡོད། ཁྲེང་ཀོན་ཆུས་དབང་སྐྱོན་བྱིས་པའི་བདེ་ཐང་སླར་གསོ་ལྟེ་གནས་ཀྱི་དགེ་རྒན་གཡང་ཆགས་ལྷ་མོས།བདེ་ཐང་སླར་གསོའི་ལྟེ་གནས་ལ་ཁྱོན་ཕྲུ་གུ་49ཡོད་པ་དང་ལྟེ་གནས་བཙུགས་ཚུན་སྤྱི་ཚོགས་ལས་རིགས་ཁག་གི་ཐུགས་ཁུར་དང་གཅེས་སྐྱོང་ཐོབ་ཡོད།ང་ཚོས་ཞལ་འདེབས་རྒྱག་མཁན་ཚང་མས་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།ཞལ་འདེབས་རྒྱག་མཁན་ཚོས་ཕྲུ་གུ་ཚོའི་འཚར་ལོངས་ཀྱི་བརྒྱུད་རིམ་ལ་མུ་མཐུད་ནས་དོ་ཁུར་བྱ་རྒྱུའི་རེ་བ་ཡོད་ལ་ཚང་མས་དོ་ཁུར་དང་སྐུལ་ལྕག་བྱེད་པ་དེ་ནི་ཕྲུ་གུ་ཚོའི་ངོས་ནས་བརྗོད་ན་བསམ་བློའི་རྒྱབ་སྐྱོར་ཡག་ཤོས་དེ་ཡིན་ཞེས་བཤད།
(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社