分享按钮

ལྷ་སས“འབྱུང་ཁམས་ལ་བརྟེན་ནས་གྲོང་ཁྱེར་འཛུགས་སྐྲུན”བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་བ།

(པར་ངོས་དང་པོར་མཐུད)2023ལོའི་སྔོན་འདེབས་རྗེས་གསབ་ཀྱི་རྣམ་གྲངས་ལག་བསྟར་བྱ་ཆེད། ན་ནིང་གི་ཟླ་4པའི་ཟླ་མཇུག་ནས་བཟུང་། ལྕང་སོན་འདེབས་འཛུགས་བྱས་པ་དང་། ཟླ་6པར་འདེབས་འཛུགས་ཚང་མ་ལས་མཇུག་འགྲིལ་ཞིང་།ཡུག་ཁུལ་དེར་ཐང་ཤིང་དང་སྟར་སྡོང་། གསོམ་དཀར། ཁམ་བུ་སོགས་བཙུགས་ཡོད།

སྦྱར་རག་ཡུག་ཁུལ་དང་པོའི་འགན་འཁུར་བ་བཀྲ་ཤིས་ཀྱིས། སྦྱར་ར་ཡུག་ཁུལ་དང་པོར་ཁྱོན་ལྕང་སོན་རྐང་ཁྲི་30ལྷག་ཙམ་བཙུགས་པ་དང་། མིག་སྔར་ལྕང་མ་སྐྱེ་ཚད་བརྒྱ་ཆ་དགུ་བཅུ་ཡན་ཟིན་ཡོད། ང་ཚོས་ཟླ་10པའི་ནང་ལྕང་སོན་གསབ་འདེབས་བྱས་པ་དང་། ཟླ་11པའི་ཟླ་མཇུག་ཏུ་དགུན་ཆུ་གཏོང་རྒྱུ་དང་ཆབས་ཅིག་ལྕང་སོན་བདག་སྐྱོང་གི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ཡིན་ཞེས་བཤད།

ཡུག་ཁུལ་ཁག་གི་གསབ་འདེབས་ཀྱི་ལས་དོན་ལེགས་འགྲུབ་བྱུང་བ་དང་ཆབས་ཅིག་རང་གྲོང་གི་2024ལོའི་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭའི་སྲ་བརྟན་དང་རིམ་སྤོར་གྱི་རྣམ་གྲངས་ཀྱང་ཁྱོན་ཡོངས་ནས་ལེགས་གྲུབ་བྱུང་ཡོད། ད་ལོར། ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭའི་སྲ་བརྟན་དང་མཐོར་གཏོང་རྣམ་གྲངས་ཀྱི་ལས་འགན་ལ་ཁྱོན་མུའུ་ཁྲི་4.16ཟིན་པ་དང་། དེའི་ནང་ཁྲེང་ཀོན་ཆུས་ལ་མུའུ་ཁྲི་2.53དང་། སྟག་རྩེ་ཆུས་ལ་མུའུ་ཁྲི་0.69 སྟོད་ལུང་བདེ་ཆེན་ཆུས་ལ་མུའུ་ཁྲི་0.01 སྣེའུ་ཁུལ་གསར་ལ་མུའུ་ཁྲི་0.72 ཆུ་ཤུར་རྫོང་ལ་མུའུ་ཁྲི་0.21བཅས་ཡོད། མིག་སྔའི་བར། ལྕང་སོན་རྐང་ཁྲི་471.4བཙུགས་ཟིན་པ་དང་། འདེབས་འཛུགས་ཀྱི་མྱུར་ཚད་བརྒྱ་ཆ་100ཟིན་ནས། ལྕང་སོན་བདག་སྐྱོང་གི་དུས་མཚམས་སུ་སླེབས་ཡོད།

ད་ལོའི་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭའི་ནགས་བཟོའི་རྣམ་གྲངས་ནང་དུ། དུས་ཐེངས་དང་པོ་དང་གཉིས་པའི་སྔོན་འདེབས་རྗེས་གསབ་ཀྱི་ལས་གྲྭ་ཚུད་ཡོད་པ་དང་། དེའི་ནང་དུས་ཐེངས་དང་པོའི་སྔོན་འདེབས་རྗེས་གསབ་ལས་གྲྭའི་ནགས་བཟོའི་ལས་འགན་ལ་མུའུ་ཁྲི་9.09ཡོད་པ་དང་། འཆར་གཞི་ལྟར་ན། ལྕང་སོན་རྐང་ཁྲི་804.19འདེབས་འཛུགས་བྱ་རྒྱུ་རེད། ཟླ་11ཚེས་22ཉིན་བར། ནགས་བཟོའི་རྒྱ་ཁྱོན་ལ་མུའུ་ཁྲི་8.89ཟིན་པ་དང་། ལྕང་སོན་རྐང་ཁྲི་702.12འདེབས་འཛུགས་བྱས་ཏེ།འཕེལ་རིམ་གྱི་བརྒྱ་ཆ་97.8ཟིན་ཡོད།དུས་ཐེངས་གཉིས་པའི་སྔོན་འདེབས་རྗེས་གསབ་ལས་གྲྭའི་ནགས་བཟོའི་འཆར་གཞིའི་ལས་འགན་ལ་མུའུ་ཁྲི་20.21ཡོད་པ་དང་། ལྕང་སོན་རྐང་ཁྲི་2126.42འདེབས་འཛུགས་བྱ་རྩིས་ཡོད། དེ་དག་སྟོད་ལུང་བདེ་ཆེན་ཆུས་དང་། སྟག་རྩེ་ཆུས། མལ་གྲོ་གུང་དཀར་རྫོང་། ཆུ་ཤུར་རྫོང་བཅས་རྫོང(ཆུས)4དང་འབྲེལ་བ་ཡོད། མིག་སྔའི་བར། རྒྱ་ཁྱོན་མུའུ་ཁྲི་4.63འདེབས་འཛུགས་ལེགས་གྲུབ་ཟིན་པ་དང་། ལེགས་གྲུབ་བྱུང་ཚད་བརྒྱ་ཆ་22.86ཟིན་ཡོད།

ད་ལོ་ནས་བཟུང་། ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་རྣམ་གྲངས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་15ཟིན་པ་དང་། ངལ་ནུས་མི་ཐེངས་2029000ལྷག་ཙམ་ཟིན་ནས་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་62200ལྷག་ཙམ་བྱུང་བ་དང་། དེའི་ཁྲོད་ལྷ་ས་ནས་ཡིན་པའི་མི་ཐེངས་787600ཙམ་ཟིན་པ་དང་། འབབ་འཕར་སྒོར་ཁྲི་24000ལྷག་ཙམ་ཟིན་ཡོད། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་རྣམས་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭའི་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ནས་ཁོར་ཡུག་སྲུང་སྐྱོང་གི་སྐུ་སྲུང་དམག་ཏུ་གྱུར་ཏེ།ཤིང་འཛུགས་བཟོ་པ་དང་བདག་སྐྱོང་བཟོ་པར་གྱུར་ནས་གྲོང་ཁྱེར་ཡོངས་ཀྱི་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད།

(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-29 6 6 拉萨日报藏文 c191827.html 1 ལྷ་སས“འབྱུང་ཁམས་ལ་བརྟེན་ནས་གྲོང་ཁྱེར་འཛུགས་སྐྲུན”བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་བ། /enpproperty-->