分享按钮

2024ལོའི་ལྗོངས་ཡོངས་ཀྱི་བདེ་སྲུང་ལས་རིགས་ཀྱི་ལྟ་སྐུལ་དོ་དམ་ལས་དོན་ཚོགས་འདུ་དང་ལྷ་སའི་བདེ་སྲུང་ལས་རིགས་ཀྱི་ཡུལ་དངོས་ཀྱི་ལྟ་སྦྱོང་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། བདེ་སྲུང་ལས་རིགས་ཀྱི་ཁྱོན་ཡོངས་ཀྱི་བྱང་ཚད་དང་ཞབས་ཞུའི་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་དང་། བདེ་སྲུང་ལས་དོན་གྱི་ལྟ་སྐུལ་དོ་དམ་ནུས་པ་ཆེ་རུ་གཏོང་ཆེད། ཟླ་11ཚེས་26ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་བདེ་འཇགས་དོ་དམ་སྤྱི་ཁྱབ་རུ་ཁག་གིས་སྒྲིག་འཛུགས་བྱས་པ་དང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་བདེ་འཇགས་དོ་དམ་ཉིང་ལག་རུ་ཁག་གིས་སྒྲུབ་འགན་འཁུར་བའི་2024ལོའི་ལྗོངས་ཡོངས་ཀྱི་བདེ་སྲུང་ལས་རིགས་ཀྱི་ལྟ་སྐུལ་དོ་དམ་ལས་དོན་ཚོགས་འདུ་དང་ལྷ་སའི་བདེ་སྲུང་ལས་རིགས་ཀྱི་ཡུལ་དངོས་ཀྱི་ལྟ་སྦྱོང་བྱེད་སྒོ་དེ་བོད་ལྗོངས་ཀྲུང་པའོ་བདེ་སྲུང་ཞབས་ཞུ་ཚད་ཡོད་ཀུང་སིར་སྤེལ་བ་རེད།

ད་ཐེངས་ཀྱི་བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི། ཡུལ་དངོས་སུ་ལྟ་སྦྱོང་དང་ཉམས་མྱོང་སྤེལ་རེས་བྱས་པ་བརྒྱུད་ནས། བདེ་སྲུང་ལས་རིགས་ཚད་ལྡན་ཅན་དང་ཆེད་ལས་ཅན་གྱི་འཕེལ་རྒྱས་ལ་སྐུལ་མ་ཤུགས་ཆེན་བཏང་ནས། སྤྱི་བདེ་ལས་ཁུངས་ཀྱི་ལས་རིགས་ཀྱི་ལྟ་སྐུལ་དོ་དམ་ནུས་པ་དང་ཆུ་ཚད་སྔར་བས་མཐོ་རུ་འགྲོ་རྒྱུར་འགན་ལེན་བྱ་རྒྱུ་དེ་ཡིན་པ་རེད། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་བདེ་འཇགས་དོ་དམ་སྤྱི་ཁྱབ་རུ་ཁག་དང་། གྲོང་ཁྱེར(ས་གནས)ཁག་གི་བདེ་འཇགས་ཚན་པའི་འབྲེལ་ཡོད་འགན་འཁུར་བློ་མཐུན། དེ་བཞིན་ཆེད་བསྐོས་མི་དམངས་ཉེན་རྟོག་པ། ལྗོངས་ཡོངས་ཀྱི་བདེ་སྲུང་ཞབས་ཞུ་ཀུང་སི་21གི་འགོ་ཁྲིད་གཙོ་བོ་དང་ལས་སྒོའི་རྐང་འཛིན་པ་བྱེད་སྒོར་ཞུགས་ཡོད།

ཉིན་དེའི་ཆུ་ཚོད་15ཡི་ཐོག ལྟ་སྦྱོང་བྱེད་སྒོ་དེ་བོད་ལྗོངས་ཀྲུང་པའོ་བདེ་སྲུང་ཞབས་ཞུ་ཚད་ཡོད་ཀུང་སིའི་སྒོ་རའི་ནང་སྤེལ་འགོ་ཚུགས་པ་དང་། ཚོགས་ཞུགས་པས་བདེ་སྲུང་པའི་འཕྲལ་སྡོམ་ཐོལ་བྱུང་དོན་རྐྱེན་ཐག་གཅོད་ཀྱི་འགྲེམས་སྟོན་སྣ་ཚོགས་ལ་བལྟས་པ་རེད། དེའི་ནང་བདེ་སྲུང་པའི་མི་སྒེར་གྱི་བསམ་པའི་ཉམས་འགྱུར་འགྲེམས་སྟོན་དང་། སློབ་གྲྭའི་ནང་རྡུང་ཁ་མི་ཤོར་བར་བྱེད་པའི་ནང་སྦྱོང་། སྨན་བཅོས་ཀྱི་རྩོད་གཞི་ཡུལ་དངོས་སུ་ཐག་གཅོད་བྱེད་པ། དྲག་ཆས་དོས་སྐྱེལ་གྱི་ཐོལ་བྱུང་དོན་རྐྱེན་ཐག་གཅོད་བྱེད་པའི་བརྒྱུད་རིམ་སོགས་ཀྱི་ནང་དོན་ཚུད་ཡོད།

བདེ་སྲུང་བའི་མི་སྒེར་གྱི་བསམ་པའི་ཉམས་འགྱུར་འགྲེམས་སྟོན་བྱེད་སྐབས། བདེ་སྲུང་བ་ཚོ་ཀྲོང་ངེར་ལངས་བ་དང་། སྙིང་སྟོབས་རབ་ཏུ་འཕེལ་བཞིན་དུ་མི་སྒེར་གྱི་བསམ་པའི་ཉམས་འགྱུར་བཟང་པོ་མངོན་ཡོད། སློབ་གྲྭའི་ནང་རྡུང་ཁ་མི་ཤོར་བའི་ནང་སྦྱོང་བྱེད་སྐབས། བདེ་སྲུང་བ་ཚོས་འཕྲལ་མར་བྱ་སྤྱོད་སྤེལ་ནས“རྡུང་ཁ་རྒྱག་མཁན”ལ་བཀག་འགོག་ནུས་ལྡན་བྱས་ཏེ། སློབ་གྲྭའི་དགེ་སློབ་ཚོའི་བདེ་འཇགས་ལ་སྲུང་སྐྱོང་བྱས་པ། སྨན་བཅོས་ཀྱི་རྩོད་གཞིར་ཡུལ་དངོས་སུ་ཐག་གཅོད་བྱེད་སྐབས། བདེ་སྲུང་བ་ཚོས་ཁྲིམས་ལྟར་དང་། ལུགས་མཐུན། ནུས་ལྡན་བཅས་ཀྱི་སྒོ་ནས་རྩོད་གཞིར་འདུམ་འགྲིག་བྱས་ཏེ། སྨན་པ་དང་ནད་པའི་བདེ་འཇགས་དང་ཁེ་དབང་ལ་སྲུང་སྐྱོང་བྱས་པ། དྲག་ཆས་དོས་སྐྱེལ་གྱི་ཐོལ་བྱུང་དོན་རྐྱེན་ཐག་གཅོད་བྱེད་སྐབས། བདེ་སྲུང་བ་ཚོས་དཔའ་ངར་ཆེར་བསྐྱེད་དང་འཕྲལ་ཐག་ཆོད་པོས་ཐོལ་བྱུང་དོན་རྐྱེན་ཐག་གཅོད་བྱས་ནས་རྒྱུ་ནོར་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱས་པ་རེད། བདེ་སྲུང་བ་ཚོས་བྱང་ཆུབ་པའི་ཆེད་ལས་རྩལ་ནུས་དང་སེམས་ཁམས་བཟང་པོར་བརྟེན་ནས་ཐོལ་བྱུང་དོན་རྐྱེན་མྱུར་ལ་གནད་ལ་འཁེལ་བའི་སྒོ་ནས་ཐག་གཅོད་དང་ཁ་གཏད་བཅག་པས་ཡུལ་དངོས་ཀྱི་ལྟད་མོ་བ་ཚོའི་དགའ་བསུ་དང་ཚད་མཐོའི་གདེང་འཇོག་ཐོབ་པ་རེད།

(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-29 6 6 拉萨日报藏文 c191824.html 1 2024ལོའི་ལྗོངས་ཡོངས་ཀྱི་བདེ་སྲུང་ལས་རིགས་ཀྱི་ལྟ་སྐུལ་དོ་དམ་ལས་དོན་ཚོགས་འདུ་དང་ལྷ་སའི་བདེ་སྲུང་ལས་རིགས་ཀྱི་ཡུལ་དངོས་ཀྱི་ལྟ་སྦྱོང་བྱེད་སྒོ་སྤེལ་བ། /enpproperty-->