分享按钮

ལྷ་སའི་མེ་ཟོན་གྱིས་གྲོང་ཁྱེར་ཡོངས་ཀྱི་བརྙན་ཤེལ་ཐོག་སྤྱི་ཕན་བརྡ་ཁྱབ་སྤེལ་ནས་མེ་ཟོན་དྲིལ་བསྒྲགས་ཟླ་བར་མཐུན་རྐྱེན་བསྐྲུན་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། 2024ལོའི“119མེ་ཟོན་དྲིལ་བསྒྲགས་ཟླ་བར”རྣམ་པ་བཟང་པོ་བཏོད་ནས་སྤྱི་ཚོགས་ལས་རིགས་ཁག་གིས་མེ་ཟོན་ལ་སྔར་བས་དོ་ཁུར་དང་། སྔར་བས་སློབ་སྦྱོང་། སྔར་བས་ཞུགས་པར་སྐུལ་འདེད་གཏོང་ཆེད། ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་ཇུས་འགོད་ཧུར་ཐག་བྱས་ཏེ། དྲིལ་བསྒྲགས་ཀྱི་ནང་དོན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་བ་དང་། གྲོང་ཁྱེར་ཡོངས་ཀྱི་བརྙན་ཤེལ་ཐོག་སྤྱི་ཕན་བརྡ་ཁྱབ་སྤེལ་ཏེ། དྲིལ་བསྒྲགས་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། མེ་ཟིན་དྲིལ་བསྒྲགས་ཟླ་བར། ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་2024ལོའི་རྒྱལ་ཡོངས་ཀྱི་མེ་ཟོན་དྲིལ་བསྒྲགས་ཟླ་བའི་གཙོ་དོན་ཏེ་“དམངས་ཡོངས་ཀྱིས་མེ་ཟོན་བྱེད། ཚེ་སྲོག་གོང་དུ་བཀུར”ཞེས་པར་དམིགས་ཤིང་། གྲོང་ཁྱེར་ཡོངས་ཀྱི་ཚན་པ་ཁག་གིས་བཙུགས་པའི་3Dབརྙན་ཤེལ་དང་LEDབརྙན་ཤེལ་སོགས་ལེགས་པར་སྤྱད་དེ་ཉིན་མཚན་མེད་པར་མེ་ཟོན་གྱི་ཤེས་བྱ་སྣ་ཚོགས་བསྟན་ནས་གྲོང་མིར་རྟག་ཏུ་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་དགོས་པའི་དྲན་སྐུལ་བྱས་པ་དང་། མེ་དང་། གློག དབུཊ་སོཊ་བཀོལ་བར་ཡིད་གཟབ་བྱེད་དགོས་པའི་ཤེས་བྱ་བསྟན་ནས་གྲོང་མིའི་མེ་ཟོན་སྔོན་འགོག་གི་འདུ་ཤེས་དང་རང་འགོག་རང་སྐྱོབ་ཀྱི་ནུས་པ་ཆེ་རུ་བཏང་བ་རེད།

དེ་མིན། ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་མེ་ཟོན་དྲིལ་བསྒྲགས་བྱ་ཡུལ་རྒྱུན་ཆད་མེད་པར་རྒྱ་ཆེ་རུ་བཏང་ནས་ཐང་ཆེན་དང་། སྒོ་རྩིས་ཚོང་ཁང་། ཕྱོགས་བསྡུས་ཁྲོམ་ར་སོགས་ཀྱི་LEDབརྙན་ཤེལ་ཐོག་ཉིན་མཚན་བལྟོས་མེད་ངང་མེ་ཟོན་གྱི་སྤྱི་ཕན་བརྡ་ཁྱབ་དྲིལ་བསྒྲགས་བྱས་ཤིང་། གསོལ་མགྲོན་ཁང་དང་། མགྲོན་ཁང་། ཟ་ཁང་སོགས་ཀྱི་LEDབརྙན་ཤེལ་དང་གློག་སྐས་ཀྱི་བརྡ་ཁྱབ་བརྙན་ཤེལ་སོགས་སུའང་མེ་ཟོན་སྔོན་འགོག་ཐད་དྲན་སྐུལ་བྱས་པ་དང་མེ་ཟོན་སྔོན་འགོག་གི་རོགས་སྐྱོབ་དཔུང་ཁག་གི་གཟུགས་བརྙན་བསྟན་ཏེ། མེ་ཟོན་དྲིལ་བསྒྲགས་ཀྱི་ཁྱབ་ཚད་དང་ཤེས་ཚད་རྒྱ་ཆེར་བཏང་བ་དང་། རྒྱ་ཆེའི་མང་ཚོགས་ལ་མེ་ཟོན་རྟོགས་ཐུབ་པ་དང་མེ་ཟོན་སྦྱོང་ཐུབ་པའི་སྟེགས་བུ་ཞིག་བཏོད་པར་མ་ཟད། ད་ལོའི་མེ་ཟོན་དྲིལ་བསྒྲགས་ཟླ་བར་ཡང“དམངས་ཡོངས་ཀྱིས་མེ་ཟོན་བྱེད་པའི”རྣམ་པ་བཟང་པོ་ཞིག་བཏོད་པ་དང་། “གང་སར་མེ་ཟོན་བྱེད་པ། གང་སར་དྲིལ་བསྒྲགས་བྱེད་པའི”དྲིལ་བསྒྲགས་རྣམ་པ་ཞིག་ཆགས་པར་བྱས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། གྲོང་ཁྱེར་ཡོངས་ཀྱི་བརྙན་ཤེལ་ཐོག་སྤྱི་ཕན་བརྡ་ཁྱབ་སྤེལ་ཚུན། གྲོང་ཁྱེར་ཡོངས་ཀྱིས་རིམ་རྩིས་བྱས་ན་མེ་ཟོན་གྱི་སྤྱི་ཕན་བརྡ་ཁྱབ་བསྟན་ཚད་དང་དྲན་སྐུལ་བྱས་ཚད་ཐེངས་ཁྲི་10.6ལྷག་ཙམ་ཟིན་པ་དང་། རྒྱ་ཆེའི་མང་ཚོགས་ཀྱིས་ལས་ཀ་ཚུགས་གྲོལ་གྱི་སྐབས་དང་། རོལ་རྩེད་ཀྱི་སྐབས། དངོས་ཟོག་ཉོ་བའི་སྐབས་སོགས་སུ་མེ་ཟོན་གྱི་ཤེས་བྱ་སྦྱངས་ནས། མེ་ཟོན་ཤེས་བྱ་ཁྱབ་གདལ་དུ་གཏོང་བར་ཕན་འབྲས་བཟང་པོ་ཐོན་པ་རེད།

ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་ཕྱོགས་བསྡུས་མཛུབ་ཁྲིད་ཁྲུའི་ཁྲུའུ་ཀྲང་གཞོན་པ་འཇིགས་མེད་ཀྱིས། རྗེས་མར་ཉིང་ལག་རུ་ཁག་གིས་འབྲེལ་ཡོད་ཚན་པ་དང་སྤྱི་ཚོགས་ཚན་པ་ཁག་ལ་འབྲེལ་བ་དང་མཉམ་ལས་བྱ་རྒྱུར་མུ་མཐུད་དུ་ཤུགས་སྣོན་བརྒྱབ་ནས་མེ་ཟོན་ཁྱབ་གདལ་གྱི་ཁྱབ་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་དང་། མང་ཚོགས་ཀྱི་མེ་ཟོན་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་རྒྱུ་ཡིན་ལ། མེ་ཟོན་སྔོན་འགོག་གི་ནུས་པའང་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བཤད།

(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

པར་འདི་ནི་ཚོང་རའི་LEDབརྙན་ཤེལ་ཐོག་མེ་ཟོན་གྱི་སྤྱི་ཕན་བརྡ་ཁྱབ་སྟོན་བཞིན་པའི་རྣམ་པ་ཡིན།

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-29 6 6 拉萨日报藏文 c191825.html 1 ལྷ་སའི་མེ་ཟོན་གྱིས་གྲོང་ཁྱེར་ཡོངས་ཀྱི་བརྙན་ཤེལ་ཐོག་སྤྱི་ཕན་བརྡ་ཁྱབ་སྤེལ་ནས་མེ་ཟོན་དྲིལ་བསྒྲགས་ཟླ་བར་མཐུན་རྐྱེན་བསྐྲུན་པ། /enpproperty-->