ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། དུས་ཡུན་རིང་པོའི་ནང་། རང་གྲོང་གིས“འབྱུང་ཁམས”དེ“དོན་ཆེན་བཞིའི”གྲས་ཤིག་ཏུ་བརྩིས་ནས་གཅིག་གྱུར་ཐོག་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། རྒྱལ་ཁབ་ཀྱི་འབྱུང་ཁམས་ཤེས་དཔལ་གྱི་མཐོ་ས་ནུས་ཤུགས་ཡོད་རྒུས་གཏོད་མཁན་གྱི་གདོང་དམག་ཡག་པོ་ཞིག་བྱ་རྒྱུར་གཞི་ཚུགས་ཤིང་། ད་ཆ། ལྗང་མདོག་ནི་ལྷ་སའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞིར་གྱུར་ཡོད། མིག་སྔའི་བར། ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭའི་ཡུག་ཁུལ་ཁག་གི་འདེབས་འཛུཊ་ལས་འགན་སྤྱིའི་ཆ་ནས་ལེཊ་གྲུབ་བྱུང་ཡོད།
ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭའི་སྦྱར་རག་ཡུག་ཁུལ་དང་པོའི་ལྟ་སྐུལ་དོ་དམ་པ་ཧྥང་སི་དབྱིས། ལྕང་སོན་འདྲོང་པོར་བཙུགས་རྗེས་ཆུ་འདྲེན་དགོས། དེ་ནི་ལྕང་སོན་འདེབས་འཛུགས་ཀྱི་ལས་རིམ་མཐའ་མ་དེ་ཡིན། ཆུ་དེ་ངེས་པར་དུ་འདང་ངེས་ཞིག་འདྲེན་དགོས་ཞེས་ལས་མིར་ལྕང་སོན་ལ་ཆུ་ཇི་ལྟར་རྒྱག་དགོས་པའི་ཐད་མཛུབ་ཁྲིད་བྱེད་བཞིན་ཡོད། ཡུག་ཁུལ་དེའི་ལྟ་སྐུལ་དོ་དམ་པ་ཞིག་ཡིན་པའི་ངོས་ནས། ས་དོང་འདྲུ་བ་དང་། ལྕང་སོན་དབོར་བ། འདེབས་འཛུགས་བྱེད་པ། ཆུ་འདྲེན་པ་བཅས་ཀྱི་ལྷུ་ཚིཊ་ཚང་མར་ཧྥང་སི་དབྱིས་ཡུལ་དངོས་སུ་ལྟ་སྐུལ་དང་མཛུབ་ཁྲིད་བྱས་ནས་ལྕང་སོན་སྐྱེ་ཚད་ལ་འགན་ལེན་བྱེད་ཀྱི་ཡོད།
ཧྥང་སི་དབྱིས། ལྟ་སྐུལ་དོ་དམ་པ་ཞིག་ཡིན་པའི་ངོས་ནས་ང་ཚོས་ངེས་པར་དུ་ཉིན་ལྟར་ཡུལ་དངོས་སུ་ལྟ་སྐུལ་དོ་དམ་བྱེད་པར་བསྐྱོད་དེ་ས་དོང་འདྲུ་བ་དང་། ས་དོང་ཉམས་གསོ། ལྕང་སོན་འདེབས་འཛུགས། ཆུ་འདྲེན་པ་བཅས་བྱས་ནས་ལས་རིམ་ཚང་མ་ཚད་དང་མཐུན་པར་བྱས་ཏེ་ལྕང་སོན་སྐྱེ་ཚད་ལ་འགན་ལེན་བྱེད་དགོས་ཞེས་བཤད།
སྦྱར་རག་ཡུག་ཁུལ་དང་པོའི་སའི་རྒྱ་ཁྱོན་ལ་མུའུ་2018.3ཟིན་ཞིང་།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社