ཤིན་ཧྭ་གསར་འགྱུར་ཁང་གི་རྒྱལ་ཁབ་ཀྱི་ཇུས་འདོན་ཚོགས་པ་རྩེ་གྲ་དང་ཞི་ཅིན་ཕིང་གི་འབྱུང་ཁམས་ཤེས་དཔལ་དགོངས་པ་ཞིབ་འཇུག་ལྟེ་གནས་ཀྱི་མཉམ་འབྲེལ་ཞིབ་འཇུག་ཚོགས་ཆུང་གིས་ཚེས་26ཉིན་ཇུས་འདོན་ཚོགས་པའི་སྙན་ཞུ་སྤེལ་ནས《འཛམ་གླིང་གིས་མཛེས་སྡུག་ལྡན་པའི་ཀྲུང་གོ་ཤེས་རྟོཊ་ཐུབ་པའི་ལྗང་མདོག་གི་གསང་བའི་ཨང་ཡིག་ལས།ཞི་ཅིན་ཕིང་གི་འབྱུང་ཁམས་ཤེས་དཔལ་གྱི་དགོངས་པའི་ཀྲུང་གོའི་ལག་ལེན་དང་འཛམ་གླིང་གི་ལེགས་སྐྱེས》ཞེས་པ་ཁྱབ་བསྒྲགས་བྱས་ཤིང་།ཞི་ཅིན་ཕིང་གི་འབྱུང་ཁམས་ཤེས་དཔལ་གྱི་དགོངས་པའི་དུས་རབས་ཀྱི་རྒྱབ་ལྗོངས་དང་། དོན་སྙིང་གཙོ་བོ། ཕུན་སུམ་ཚོཊ་པའི་ནང་དོན།འཛམ་གླིང་གི་ལེཊ་སྐྱེས་བཅས་ལ་འཆད་འགྲེལ་གཏིང་ཟབ་བྱས་ཡོད།
སྙན་ཞུའི་ནང་དུས་རབས་གསར་པ་ཤར་ཚུན་ཀྲུང་གོའི་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐྱེ་བོ་ཀུན་གྱིས་ཡིད་སྨོན་བྱེད་པའི་གྲུབ་འབྲས་གལ་ཆེན་ཐོབ་པའི་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ལ་ཐུག་པ་དང་ཞི་ཅིན་ཕིང་གི་འབྱུང་ཁམས་ཤེས་དཔལ་གྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལ་ཐུག་ཡོད། དགོངས་པ་གལ་ཆེན་འདིས་རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་དང་།ལོ་རྒྱུས་དང་དོན་དངོས་ཟུང་འབྲེལ་བྱས་ཏེ་མི་དང་རང་བྱུང་ཁམས་དང་། སྲུང་སྐྱོང་དང་འཕེལ་རྒྱས།ཁོར་ཡུག་དང་དམངས་འཚོ།ཀྲུང་གོ་དང་འཛམ་གླིང་བཅས་དབར་གྱི་འབྲེལ་བར་འགྲེལ་བཤད་གཏིང་ཟབ་བསྐྱོན་ནས།མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་དང་།མི་དང་རང་བྱུང་ཁམས་ཀྱི་ཚེ་སྲོག་གཅིག་མཐུན་ཚོཊ་པ་མཉམ་དུ་གཏོད་རྒྱུར་བསམ་བློའི་དྲག་ཆས་སྟོབས་ལྡན་མཁོ་འདོན་བྱས་ཡོད།
འཛམ་གླིང་འདི་ཉིད་ཕྱོགས་གང་ཞིག་ཏུ་བསྐྱོད་མིན་གྱི་གནད་དོན་ལ་ལན་བསྐྱོན་པ།
གནད་དོན་ནི་དུས་རབས་ཀྱི་སྐད་སྒྲ་ཡིན་ཞིང་།ལོ་ངོ་བརྒྱ་ཕྲག་དུ་མའི་རིང་གི་བཟོ་ལས་ཅན་དུ་འགྱུར་བའི་འཕེལ་རིམ་དང་བསྟུན་ནས།མིའི་རིགས་ཀྱིས་དངོས་པོའི་རྒྱུ་ནོར་འབོར་ཆེན་གསར་སྐྲུན་བྱེད་པ་དང་དུས་མཚུངས་སུ་རང་བྱུང་ཐོན་ཁུངས་ཧམ་འཕྲོག་བྱེད་ཚད་ཀྱང་ཇེ་མགྱོགས་སུ་བཏང་སྟེ། སའི་གོ་ལའི་འབྱུང་ཁམས་མ་ལག་དོ་མཉམ་མེད་པར་བཟོས་པས་མི་དང་རང་བྱུང་ཁམས་དབར་གྱི་འགལ་བ་ཉིན་བཞིན་མངོན་གསལ་དོད་དུ་ཕྱིན་ཡོད། འཛམ་གླིང་འདི་ཉིད་ཕྱོགས་གང་ཞིག་ཏུ་བསྐྱོད་མིན་གྱི་ལམ་བཞི་མདོ་ཁ་ཞིག་ཏུ་གནས་ཡོད་ཅིང་།དེ་ནི་ཐོན་ཁུངས་དང་ཁོར་ཡུག་རིན་དོད་དུ་བྱས་ཏེ་སྐབས་ཤིག་རིང་གི་དཔལ་འབྱོར་འཕར་སྣོན་ཡོང་བར་བྱ་རྒྱུ་དང་།
(པར་ངོས་བཞི་པར་གཟིགས)
པར་འདི་ནི་2024ལོའི་ཟླ་8ཚེས་8ཉིན་ལུས་སྦྱོང་ལ་དགའ་པོ་བྱེད་མཁན་ཚོས་ཀྲེ་ཅང་ཞིང་ཆེན་ཅན་ཏེ་གྲོང་ཁྱེར་ཤིན་ཨན་གཙང་འགྲམ་གྱི་ཤིན་ཨན་ལྗ་མདོག་གི་ལམ་བུའི་ཐོག་རྒྱུག་ཤར་གློད་བཞིན་པའི་རྣམ་པ་ཡིན།
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社