分享按钮

ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་ གཏོང་བའི་གསོ་སྦྱོང་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་མི་རིཊ་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་ཆེད། ཉེ་ཆར། ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོཊ་པའི་འདུ་ཤེས་ཟབ་ཏུ་གཏོང་བའི་གསོ་སྦྱོང་བྱས་ཤིང་།ཅུས(ཁང)ཁག་གི་ལས་དོན་མི་སྣ་དང་གླིང་ཁུལ་ཁེ་ལས་ཀྱི་འཐུས་མི་ཁྱོན་80ལྷག་ཙམ་གསོ་སྦྱོང་ནང་ཞུགས་ཡོད་པ་རེད།

གསོ་སྦྱོང་ནང་བོད་ལྗོངས་སློབ་ཆེན་གྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་ཞིབ་འཇུག་རྟེན་གཞིའི་དགེ་རྒན་ཆེན་མོ་བ་ཀྲའོ་ཅུན་དང་དགེ་རྒན་ཆེན་མོ་བ་གཞོན་པ་ལྷ་མོ་སྐྱིད་གདན་དྲངས་ཏེ། མི་རིཊ་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེཊ་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུའི་གཙོ་དོན་གཉིས་ལ་དམིགས་ནས་ནང་དོན་ཟབ་ལ་གོ་བདེ་བའི་འགྲེལ་བཤད་བརྒྱབ་པ་རེད། དེ་དང་ཆབས་ཅིག་ཞིབ་ཕྲའི་གྱོད་དཔེ་དང་ཟུང་འབྲེལ་བྱས་ཏེ་ལས་དོན་དངོས་ནང་ཇི་ལྟར་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུའི་ཐད་གྲོས་བསྡུར་དང་དབྱེ་ཞིབ་གཏིང་ཟབ་བྱས་པ་རེད། གསོ་སྦྱོང་བྱས་པ་བརྒྱུད་ཚང་མས་ཀྲུང་ཧྭ་མི་རིཊ་གཅིག་མཐུན་ཚོཊ་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུར་ངོས་འཛིན་སྔར་བས་ཞིབ་ཕྲ་དང་སྔར་བས་གཏིང་ཟབ་བྱུང་ཞིང་། མི་རིགས་ཀྱི་སྤོབས་སེམས་དང་འགན་འཁྲི་འཁུར་སེམས་ཀྱང་སྔར་བས་ཆེ་རུ་ཕྱིན་ཡོད།

ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་མ་འཇོག་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ལས་མི་ཡའོ་ཅིང་གིས་གསར་འགོད་པར་ད་ཐེངས་ཀྱི་གསོ་སྦྱོང་བརྒྱུད་ང་ཚོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོཊ་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུའི་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་སོང་། ཕྱིས་འབྱུང་ང་ཚོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོཊ་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་གནད་དུ་བྱས་ཏེ།ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲཊ།ལག་བསྟར་བཅས་གཏིང་ཟབ་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་ཁྱོན་ཡོངས་ནས་གཏིང་ཟབ་དང་རྒྱུན་སྲིང་ངང་སྤེལ་བ། གཞུང་ཁོངས་ཁེ་ལས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་རྒྱུ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་གཞུང་ཁོངས་ཁེ་ལས་ཀྱི་མི་རིཊ་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་རྒྱུ་ཡིན་ཞེས་བཤད།

(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-28 6 6 拉萨日报藏文 c191815.html 1 ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་ གཏོང་བའི་གསོ་སྦྱོང་བྱས་པ། /enpproperty-->