ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ལག་རྩལ་རྩེ་གྲ་དང་། ཀྲུང་གོའི་ས་ཕྱོཊ་གང་སར་སྐྱོད་པ། ལེ་དབར་སྟོང་ལ་སྣུམ་སྒམ་གང་གིས་འདང་བ་ཞེས་པའི་ལྷ་ས་ནས་རྡོག་ཐོན་བྱེད་འགོ་ཚུཊ་པའི་མཛད་སྒོ་དེ《འུན་ཤིང་ཀོང་ཇོ》འཁྲབ་ཡུལ་གྱི་ཐང་ཆེན་དུ་འཚོཊ་པ་རེད། མཛད་སྒོའི་ཐོག་གཙོ་གཉེར་ཕྱོགས་ཀྱིས་རྡོག་ཐོན་གྱི་དར་ཆ་དེ་རླངས་འཁོར་རུ་ཁག་ལ་སྤྲད་པ་དང་། དེའི་ཐོག་ནས་T5རྟཊ་ཅན་གྱི་ལྗིད་ཐེཊ་རླངས་འཁོར་ཆུང་བ་ཀྲུང་གོའི་ས་ཕྱོགས་གང་སར་སྐྱོད་པའི་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་པ་མཚོན་ཡོད།
ཐེངས་འདིའི་འགྲན་སློང་རླངས་འཁོར་རུ་ཁག་ལྷ་ས་ནས་ཐོན་ཏེ་འཕྲེད་ཐིག་བརྒྱུད་དེ་རྒྱལ་ལམ་318བརྒྱུད་ནས་ལྷ་ས་དང་། ཉིང་ཁྲི། སྤོ་བོ། དཔའ་ཤོད། སྨར་ཁམས། ལི་ཐང་། དར་རྩེ་མདོ། ཁྲེང་ཏུའུ། ཨེན་ཧྲི། ཝུའུ་ཧན། ཅིང་ཏེ་ཀྲེན། ཉིང་པོ་བཅས་བརྒྱུད་ནས་ཀྲོའུ་ཧྲན་དུ་སྐྱོད་པ་དང་། སླར་ཡང་གཞུང་ཐིག་བརྒྱུད་ནས་ལྷོ་ཕྱོཊ་སུ་བསྐྱོད་དེ་ཧྲེན་ཀྲེན་གྱི་པི་ཡ་ཏི་སྤྱི་ཁྱབ་པུའུ་རུ་ལོག་པ་དང་འབྲེལ་ཉིང་པོ་ནས་ཁྲའོ་ཀྲོའུ་བར་གྱི་སྤྱི་ལེ་1000བར་མུ་མཐུད་བསྐྱོད་དེ་ལམ་ཐག་ཧྲིལ་པོར་ལེ་དབར་ཁྲི་5500ལྷག་ཙམ་གྱི་འགྲན་སློང་བྱེད་པ་དང་། དུས་ཡུན་ཉིན་14ཡི་རིང་། གཞུང་ཐིག་བརྒྱུད་ནས་མུ་མཐུད་སྐྱོད་པ་དང་། ནུས་པ། བདེ་འཇཊ། སྐྱིད་སྣང་དོད་པ་སོཊ་ཕྱོཊ་མང་པོའི་ཐད་ནས་2025ལོའི་T5རྟཊ་ཅན་གྱི་རླངས་འཁོར་གྱི་ནུས་པ་ར་སྤྲོད་བྱ་རྒྱུ་རེད།
ངོ་སྤྲོད་བྱས་པར་གཞིཊ་ན། ཐེངས་འདིའི་པི་ཡ་ཏི་T5རྟཊ་ཅན་གྱིས་ལེ་དབར་སྟོང་ལ་སྣུམ་སྒམ་གང་གིས་འདང་བའི་འགྲན་སློང་ནི་རྒྱལ་ནང་གི་ལྗིད་ཐེཊ་རླངས་འཁོར་ཆུང་བའི་སྣུམ་སྒམ་གཅིག་གིས་འཕྲེད་གཞུང་ལམ་ཐིག་གཉིས་ཀྱི་ནུབ་ནས་ཤར་དང་།བྱང་ནས་ལྷོར་སྐྱོད་པའི་འགྲན་སློང་ཐོག་མ་དེ་ཁྱབ་བསྒྲཊ་བྱས་པ་ཞིག་རེད། ལྗིད་ཐེཊ་རླངས་འཁོར་ཆུང་བའི་རིགས་ཚང་མའི་ངོས་ནས་བརྗོད་ནའང་ལོ་རྒྱུས་ཐོག་བྱུང་མྱོང་མེད་པའི་དཀའ་ཚེཊ་ཆེ་བའི་མྱུལ་དཔྱད་ཀྱི་ཡུལ་སྐོར་ཞིག་ཀྱང་ཡིན་པ་རེད།
(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社