ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། བདེ་འཇཊ་དང་། ཤར་བགྲོད། གོ་རིམ་ལྡན་པ་བཅས་ཀྱི་འགྲིམ་འགྲུལ་ཁོར་ཡུག་ཅིག་གཏོད་ཆེད། ཉེ་ཆར། གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་ཤེས་དཔལ་གྲོང་ཁྱེར་གཏོད་པའི་ལས་དོན་དང་ཟུང་འབྲེལ་གྱིས་ཡ་རབས་འགྲིམ་འགྲུལ་གྱི་དང་བླངས་པ་སྒྲིག་འཛུཊ་བྱས་ཏེ། ཁོངས་གཏོཊ་ཁུལ་གྱི་ལམ་མདོ་དང་ལམ་དུམ་གཙོ་བོར་ཤེས་དཔལ་འགྲིམ་འགྲུལ་གྱི་ཁ་ཏ་སློབ་སྟོན་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་ནས་རྒྱ་ཆེའི་མང་ཚོཊ་ཀྱི་འགྲིམ་འགྲུལ་བདེ་འཇཊ་ཀྱི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་བ་དང་། ཡ་རབས་དང་གོ་རིམ་ལྡན་པའི་འགྲིམ་འགྲུལ་གྱི་ཁོར་ཡུག་ཅིག་བཏོད་ཡོད་པ་རེད།
ཁ་ཏ་སློབ་སྟོན་བྱེད་རིང་། དང་བླངས་པ་ཚོས་ཕུ་མེད་སྟོད་གོས་དམར་པོ་གྱོན་པ་དང་ལས་སྒྲུབ་འགྲིམ་འགྲུལ་ཉེན་རྟོག་པའི་སྣེ་ཁྲིད་འོག་འགྲིམ་འགྲུལ་བདེ་འཇཊ་ཀྱི་ཁ་ཏ་སློབ་སྟོན་ཞབས་ཞུའི་ནང་ཧུར་ཐག་ཞུགས་ནས། རྒྱ་ཆེའི་གྲོང་མི་མང་ཚོགས་ཡ་རབས་ངང་ཕྱིར་བསྐྱོད་རྒྱུར་ཁྲིད་སྟོན་བྱས་པ་རེད། དེ་དང་ཆབས་ཅིག་ཕར་འགྲོ་ཚུང་འོང་བྱེད་མཁན་གྲོང་མི་དང་འཕྲུལ་སྒུལ་མིན་པའི་འཁོར་རིགས་ཀྱིས་གློག་དམར་བརྒལ་བ་དང་ལམ་ཐིག་ལས་བརྒལ་བ་སོགས་ཀྱི་ཁྲིམས་འགལ་གྱི་འགྲིམ་འགྲུལ་བྱེད་སྤྱོད་ལ་ཁ་ཏ་བྱེད་པ་དང་འབྲེལ་འཁོར་རིགས་གཏོང་མཁན་ཁ་ལོ་བར་རླངས་འཁོར་གྱི་མྱུར་ཚད་དལ་དུ་གཏོང་བ་དང་གུས་ཞབས་ལྡན་པའི་སྒོ་ནས་རྐང་ཐང་དུ་སྐྱོད་མཁན་སྔོན་ལ་འགྲོ་རུ་འཇུག་དགོས་པ། འགྲིམ་འགྲུལ་གྱི་སྒྲིག་ལམ་བཟང་པོ་རྒྱུན་འཁྱོངས་བྱེད་དགོས་པའི་དྲན་སྐུལ་ཡང་བྱས་པ་རེད།
ཁ་ལོ་བའི་སློབ་གྲྭའི་དགེ་རྒན་འཇམ་དབྱངས་ཀྱིས་ངས་དེ་རིང་སློབ་མ་ཁྲིད་དེ་འགྲིམ་འགྲུལ་གྱི་ཁ་ཏ་སློབ་སྟོན་སློབ་སྦྱོང་ནང་ཞུཊ་པ་དེས་རྒྱ་ཆེའི་སློབ་མ་ཚོས་འགྲིམ་འགྲུལ་གྱི་སྒྲིག་སྲོལ་དང་།དེ་བཞིན་འགྲིམ་འགྲུལ་བདེ་འཇགས་ཀྱི་གལ་ཆེའི་རང་བཞིན་ལ་སྔར་བས་ཤེས་རྟོགས་གཏིང་ཟབ་ཐུབ་ནས་སློབ་མའི་འགྲིམ་འགྲུལ་གྱི་བྱང་ཚད་ཡག་པོ་གསོ་སྐྱོང་བྱ་རྒྱུར་ཕན་ཐོགས་ཆེན་པོ་ཡོད་ཅེས་བཤད།
གྲོང་ཁྱེར་གྱི་ཤེས་དཔལ་ཚད་གཞི་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་ཆབས་ཅིག་ལྷ་སའི་གྲོང་མིའི་ཤེས་དཔལ་གྱི་འདུ་ཤེས་མངོན་གསལ་དོད་པོས་ཟབ་ཏུ་ཕྱིན་པ་དང་། ཡ་རབས་འགྲིམ་འགྲུལ་གྱི་ཁ་ཏ་སློབ་སྟོན་གྱིས་ནུས་པ་བཟང་པོ་ཐོན་ནས་ལྷ་ས་གྲོང་ཁྱེར་གྱི་འགྲིམ་འགྲུལ་འཕེལ་རྒྱས་ཡག་པོ་འགྲོ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།
(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社