ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་26ཉིན། ལྷ་ས་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་མེར་བསྲེག་གློག་གཏོང་གློག་ཁང་གི་དུས་ཐེངས་གཉིས་པའི་རྣམ་གྲངས་ཀྱི་མེ་སྤོར་བའི་མཛད་སྒོ་ཆུ་ཤུར་རྫོང་མཉེས་ཐང་ཤང་དུ་འཚོགས་པ་རེད།
གྲོང་སྤྱི་གཞོན་པ་ཀའོ་ཅུན་མེ་སྤོར་བའི་མཛད་སྒོར་ཞུགས་ཡོད།
མེ་སྤོར་བའི་མཛད་སྒོའི་ཐོག་རྣམ་གྲངས་འཛུགས་སྐྲུན་ཚན་པ་སྟེ་ལྷ་ས་ཁང་ཧེང་ཁོར་ཡུག་སྲུང་སྐྱོང་ནུས་རྒྱུ་ཚད་ཡོད་ཀུང་སིའི་འགན་འཁུར་བས་ལྷ་ས་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་མེར་བསྲེག་གློག་གཏོང་གློག་ཁང་གི་དུས་ཐེངས་གཉིས་པའི་རྣམ་གྲངས་ཀྱི་གནས་ཚུལ་ངོ་སྤྲོད་ཞིབ་ཕྲ་བྱས་པ་རེད། གྲོང་ཁྱེར་དོ་དམ་ཅུས་དང་ཧྲང་ཧའེ་ཁང་ཧེང་ཁོར་ཡུག་མ་རྐང་ཚད་ཡོད་ཀུང་སིའི་འབྲེལ་ཡོད་འགན་འཁུར་བས་ཤིས་ཚིག་གསུངས་པ་དང་། རྣམ་གྲངས་ཀྱི་མེ་སྤར་ནས་གཉེར་སྐྱོང་བྱས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། ལྷ་ས་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་མེར་སྲེག་གློག་གཏོང་གློག་ཁང་གི་དུས་ཐེངས་གཉིས་པའི་རྣམ་གྲངས་ཀྱི་མེ་སྤར་བ་ནི་གྲོང་ཁྱེར་འཕེལ་རྒྱས་ཀྱི་འཆར་འགོད་དོན་འཁྱོལ་གཏིང་ཟབ་བྱས་པའི་གོམ་སྟབས་གལ་ཆེན་ཞིག་ཡིན་ལ། ཁོར་ཡུག་སྲུང་སྐྱོང་གི་སྲིད་ཇུས་དང་ལེན་ཧུར་ཐག་ཞུས་པ་དང་འབྱུང་འཕྲོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་ནུས་ལྡན་ཞིག་ཀྱང་ཡིན་པས། ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་གད་སྙིགས་གཙང་སེལ་ནུས་པ་སྔར་བས་ཆེ་རུ་ཕྱིན་ནས། ལྷ་ས་གྲོང་ཁྱེར་གྱི་འབྱུང་ཁམས་ཁོར་ཡུག་ལེགས་སུ་གཏོང་བ་དང་། ཐོན་ཁུངས་རྒྱུན་འཁོར་བེད་སྤྱོད། དེ་བཞིན་རྒྱུན་མཐུད་འཕེལ་རྒྱས་བཅས་ལ་སྒུལ་ཤུགས་ཆེན་པོ་སྣོན་རྒྱུ་ཡིན་པ་རེད།
(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社