分享按钮

རང་གྲོང་གིས་དགུན་དུས་སུ་ཤིང་སྡོང་ལ་བདག་སྐྱོང་ བྱེད་པའི་ལས་དོན་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། གནམ་གཤིས་རིམ་བཞིན་གྲང་དུ་འགྲོ་བ་དང་ཆབས་ཅིག་གྲོང་ཁྱེར་གྱི་སྔོ་འགྱུར་སྤུས་ཚད་མཐོ་རུ་ཏན་ཏིག་བཏང་ནས་ལྗོན་ཤིང་འཚར་ལོངས་ཡག་པོ་ཡོང་ཆེད། ཟླ་11ཚེས་25ཉིན་ནས་བཟུང་ཁྲེང་ཀོན་ཆུས་ཅེ་ཏ་སྐྱེད་ཚལ་སྔོ་འགྱུར་མ་འཇོག་ལས་གྲྭ་ཚད་ཡོད་ཀུང་སིས(གཤམ་དུ་ཅེ་ཏ་སྐྱེད་ཚལ་ཀུང་སི་ཞེས་བསྡུ་རྒྱུ)གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་ནང་གི་ཤིང་སྡོང་ལ་དཀར་རྩི་བྱུག་པ་དང་། དགུན་དུས་སུ་ཤིང་སྡོང་ལ་བདག་སྐྱོང་དོ་དམ་བྱེད་པའི་ལས་དོན་ཁྱོན་ཡོངས་ནས་སྤེལ་བ། ཤིང་སྡོང་གི་ནད་འབུའི་གནོད་འཚེ་འགོག་ནུས་སྔར་བས་ཆེ་རུ་བཏང་བ་བཅས་བྱས་ནས་རྒྱ་ཆེའི་གྲོང་མི་ཚོར་དེ་བས་འཚོ་སྡོད་ལ་འཚམ་པ་དང་མཛེས་སྡུག་ལྡན་པའི་གྲོང་ཁྱེར་གྱི་ཁོར་ཡུག་ཅིག་བཏོད་ཡོད་པ་རེད།

ཚེས་26ཉིན་གྱི་སྔ་དྲོར། གསར་འགོད་པས་བཅིངས་འགྲོལ་ནུབ་ལམ་ནས་ཅེ་ཏ་སྐྱེད་ཚལ་ཀུང་སིའི་ལས་བཟོ་བ་40ལྷག་ཙམ་གྱིས་ཤིང་སྡོང་ལ་དཀར་རྩི་བྱུག་བཞིན་ཡོད་པ་དང་། ལས་ཡུལ་དངོས་སུ་ལས་བགོས་ཁ་གསལ་བཟོས་ཡོད་ཅིང་། ལ་ལས་རྡོ་ཐལ་གྱི་ཆུ་བསྲེས་པ་དང་། ལ་ལས་དཀར་རྩི་ཁོད་སྙོམས་པོས་ཤིང་སྡོང་ཐོག་བྱུག་བཞིན་པ་མཐོང་བྱུང་། ཚང་མས་མཐོ་ཚད་གཅིག་མཐུན་དང་དཀར་རྩི་སྙོམས་པོ་བྱུག་པའི་ཚད་གཞིར་གཞིཊ་ནས་དཀར་རྩི་བྱུག་པའི་ལས་དོན་སྤུས་ལེགས་དང་ནུས་ཆེའི་སྒོ་ནས་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་བཞིན་ཡོད་པ་རེད།

ལས་བཟོ་བ་རིག་འཛིན་གཡང་སྐྱིད་ཀྱིས་ལྗོན་ཤིང་དེ་བས་ལེགས་པའི་ངང་སྐྱེ་འཚར་ཡོང་ཆེད། ང་ཚོས་དཀར་རྩིའི་ནང་འབུ་སྨན་མང་པོ་བསྲེས་ནས་ལྗོན་ཤིང་ལ་ནད་འབུའི་གནོད་འཚེ་མི་ཐོན་པའི་འགན་ལེན་བྱེད་ཀྱི་ཡོད་ཅེས་བཤད།

མིག་སྔའི་བར་ཅེ་ཏ་སྐྱེད་ཚལ་ཀུང་སིས་བརྒྱད་གཅིག་ལམ་དང་། མཁའ་དམག་བཀོད་འདོམས་ལམ། གཙང་རལ་ལམ། སེ་ར་ལམ། ཉང་བྲན་ལམ། གླིང་སྐོར་བྱང་ལམ། སྐོར་ལམ་གཉིས་པ་བཅས་དང་དེ་བཞིན་སྤྱི་གླིང་གི་ལྗོན་ཤིང་ཁག་གཅིག་ལ་དཀར་རྩི་བྱུག་པའི་ལས་དོན་ལེགས་གྲུབ་ཟིན་པ་དང་དེ་བྱིངས་ཀྱི་ལམ་བུ་ཁག་ལ་གོ་རིམ་ལྡན་པའི་ངང་དཀར་རྩི་བྱུག་བཞིན་ཡོད་ཅིང་། སྔོན་དཔག་བྱས་ན་ཉིན་བདུན་ནང་ལེགས་གྲུབ་ཟིན་རྒྱུ་དང་དེ་རྗེས་ལྗོན་ཤིང་ལ་ཡལ་བཞུར་རྒྱག་པའི་ལས་དོན་སྤེལ་རྒྱུ་ཡིན་པ་རེད།

(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

པར་འདི་ནི་སྐྱེད་ཚལ་སྔོ་འགྱུར་ལས་བཟོ་བས་ཤིང་སྡོང་ལ་དཀར་རྩི་བྱུག་བཞིན་པའི་རྣམ་པ་ཡིན།

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-28 6 6 拉萨日报藏文 c191811.html 1 རང་གྲོང་གིས་དགུན་དུས་སུ་ཤིང་སྡོང་ལ་བདག་སྐྱོང་ བྱེད་པའི་ལས་དོན་སྤེལ་བ། /enpproperty-->