ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་25ཉིན། དུས་ཡུན་ཉིན་7རིང་གི་རང་གྲོང་གི་ཆོས་ལུགས་ལས་རིགས་ཀྱི་འདུ་ཤེས་གསུམ་གྱི་སློབ་གསོའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་ཤིང་། གསར་དུ་བདམས་ཐོན་བྱུང་བའི་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་སྐབས་དྲུག་པའི་ལས་འཛིན་ལྷན་ཚོགས་ཀྱི་ལས་འཛིན་པ་དང་། དགོན་སྡེའི་འདུ་ཤེས་གསུམ་གྱི་སློབ་གསོའི་གྲྭ་བཙུན་སྒྲོག་འགྲེལ་པ། དགོན་སྡེ་དོ་དམ་ཨུ་ལྷན་ཁག་གི་གྲྭ་བཙུན་ཨུ་ཡོན་གྱི་འཐུས་མི་བཅས་དང་དེ་བཞིན་རྫོང(ཆུས)ཁག་དང་གྲོང་ཁྱེར་ཁོངས་གཏོགས་ཀྱི་དགོན་སྡེ་ཁག་གི་འདུ་ཤེས་གསུམ་གྱི་སློབ་གསོ་གཞུང་དོན་ཁང་གི་ལས་དོན་པ་ཁྱོན་120ལྷག་ཙམ་གསོ་སྦྱོང་ནང་ཞུགས་ཡོད་པ་རེད།
གསོ་སྦྱོང་འཛིན་གྲྭའི་ཐོག་ནན་གསུངས་གནང་དོན། ཐེངས་འདིའི་གསོ་སྦྱོང་ནི་དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལ་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ། གྲོང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་བཅས་ཀྱི་དགོངས་དོན་ལག་བསྟར་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་རེད། གསོ་སྦྱོང་ནང་ཞུགས་མཁན་གྱི་སློབ་མས་གཏན་འབེབས་གཉིས་ལ་ལྷག་བསམ་ཟོལ་མེད་ངང་བརྩི་བཀུར་ཞུ་བ་དང་། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་སྒྲུབ་ཐུབ་པའི་མཐོ་ཚད་ཐོག་ནས་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེན་པོའི་ཐོག་ནས་ད་ཐེངས་ཀྱི་གསོ་སྦྱོང་ལ་ཚད་གཞི་མཐོ་བའི་སྒོ་ནས་ལྟ་སྟངས་འཛིན་པ་དང་། སྲིད་ཇུས་དང་རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ། ཆོས་ལུགས་ལས་རིགས་ཀྱིས་འདུ་ཤེས་གསུམ་གྱི་སློབ་གསོ་གཏིང་ཟབ་སྤེལ་བའི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་བཅས་བྱས་ཏེ་ངོས་འཛིན་གཅིག་མཐུན་ལྔ་མུ་མཐུད་ཇེ་ཆེར་བཏང་སྟེ། ཆོས་ལུགས་ལས་རྒྱལ་ཁབ་གཙོ།འདུལ་ཁྲིམས་ལས་རྒྱལ་ཁྲིམས་གཙོ།ཆོས་པ་ལས་སྤྱི་དམངས་གཙོ་བཅས་ཀྱི་འདུ་ཤེས་བརྟན་པོར་འཛུགས་དགོས། གསོ་སྦྱོང་དེ་རང་ངོས་ཀྱི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཏུ་བརྩིས་ནས་རང་སྟོབས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། སྤེལ་རེས་དང་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པ། བསམ་བློ་གསར་འབྱེད་བཅས་བྱས་ཏེ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བ་དང་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་དགོས།
འབྲས་སྤུངས་དགོན་དོ་དམ་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ངག་དབང་ཆོས་འཛིན་གྱིས་ང་ཚོས་གསོ་སྦྱོང་རིང་སློབ་སྦྱོང་ནན་ཏན་བྱེད་དགོས་པར་མ་ཟད། དགོན་སྡེར་ལོག་རྗེས་མུ་མཐུད་གྲྭ་དམངས་སྒྲིག་འཛུཊ་ཀྱིས་འདུ་ཤེས་གསུམ་གྱི་སློབ་གསོར་སློབ་སྦྱོང་ནན་ཏན་བྱས་ནས་སྦྱངས་པའི་ནང་དོན་དེ་རང་རེའི་བྱ་སྤྱོད་ཀྱི་ཕྱོཊ་སྟོན་དུ་འགྱུར་བར་བྱེད་དགོས་ཞེས་གསུངས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་གསོ་སྦྱོང་ཁྲོད། གཅིག་སྡུད་སློབ་ཁྲིད་དང་། ཞིབ་བསྡུར་སྤེལ་རེས། ལྟ་སྐོར་དང་རྟོག་ཞིབ་བཅས་ཟུང་འབྲེལ་བྱེད་པའི་རྣམ་པའི་ཐོག་ནས་གཙོ་བོ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བ་སོགས་ཀྱི་ནང་དོན་ལ་དམིགས་ནས་ཆེད་དོན་སློབ་ཁྲིད་བྱ་རྒྱུ་ཡིན་པ་རེད།
(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社