(པར་ངོས་དང་པོར་མཐུད)གཅིག་འཐུས་རྣམ་པའི་ཞབས་ཞུའི་ཐོག་ནས་ལག་ཁྱེར་གཉེར་ནུས་ཆེ་རུ་བཏང་ཡོད། སྔོན་དཔག་བྱས་ན། 2025ལོའི་ཟླ་10པར་ལས་མཇུག་འགྲིལ་ནས་རྩིས་སྤྲོད་བྱ་རྒྱུ་དང་གྲོང་མིར་དེ་བས་ནུས་ཆེ་དང་། སྟབས་བདེ། སྐྱིད་སྣང་དོད་པ་བཅས་ཀྱི་ལག་ཁྱེར་གཉེར་བའི་ཞབས་ཞུ་ཉམས་ལེན་ཐུབ་པར་བྱ་རྒྱུ་ཡིན་པ་རེད། རྣམ་གྲངས་བསྐྲུན་རྗེས་མཐའ་མཚམས་ལམ་ཡིག་གི་དབྱེ་འབྱེད་དྲ་བའི་འབྱུང་རྩའི་དོ་དམ་ཚོད་འཛིན་གྱི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་ཐུབ་ནས་བོད་ཀྱི་མཐའ་མཚམས་ལམ་ཡིག་ཞབས་ཞུའི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་མ་ནུས་ལྡན་ཐེབས་རྒྱུ་རེད། བོད་ལྗོངས་མཐའ་མཚམས་ནས་འགྲོ་འོང་བྱེད་པའི་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱི་མཐའ་མཚམས་ལམ་ཡིག་ཞབས་ཞུ་དོ་དམ་ལྟེ་གནས་ཀྱི་འགན་འཁུར་བ་ཝང་ལུའེ་ཡིས་བོད་ཀྱི་མཐའ་མཚམས་ས་ཁུལ་གྱི་འགག་སྒོ་ཕྱོགས་གཉིས་ནས་སྒོ་དབྱེ་བྱས་པ་དང་ཆབས་ཅིག་བོད་ཀྱི་མཐའ་མཚམས་ས་ཁུལ་དུ་ཡུལ་སྐོར་དུ་སྐྱོད་མཁན་ཆེས་ཆེར་མང་དུ་ཕྱིན་ཡོད་པས་བོད་ལྗོངས་མཐའ་མཚམས་ནས་འགྲོ་འོང་བྱེད་པའི་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིཊ་ཀྱི་མཐའ་མཚམས་ལམ་ཡིག་ཞབས་ཞུ་དོ་དམ་ལྟེ་གནས་བསྐྲུན་རྒྱུ་ནར་འགྱངས་གཏན་ནས་བྱེད་མི་རུང་། དེ་ནི་ཞབས་ཞུའི་སྐར་ཁུང་གི་ཚན་པ་ཞིག་ཡིན་པའི་ངོས་ནས་བོད་ཀྱི་མཐའ་མཚམས་ས་ཁུལ་གྱི་བདེ་འཇགས་དང་བརྟན་ལྷིང་ལ་འགན་ལེན་བྱེད་པའི་སྲུང་ཡོལ་དང་པོ་དེ་རེད། ཕྱིས་འབྱུང་གི་ལས་ཀའི་ཁྲོད་ང་ཚོས་ད་ཐེངས་ཀྱི་རྩིག་རྨང་འདིང་བའི་མཛད་སྒོ་དེ་སྒུལ་ཤུགས་གལ་ཆེན་དུ་བརྩིས་ནས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་གཡས་གཞོཊ་གཡོན་འདེཊ་བྱ་རྒྱུ་ཡིན་ཞེས་བཤད།
(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社