(པར་ངོས་གཉིས་པར་མཐུད)བསྟན་འཛིན་གྱི་ཁྱིམ་དུ་པར་དེ་འདྲ་ཞིག་ཉར་ཚགས་བྱས་ཡོད་པ་དང་། ཁོང་གིས་པང་དུ་གྲོ་བླུགས་པའི་ཁུག་མ་ཞིག་འཁྱེར་ཡོད་ཅིང་།མིང་ལ་ཚེ་རིང་དང་ཆུང་བདག་ཟེར་བའི་ཁྲུང་ཁྲུང་སྐེ་ནག་གཉིས་ཀྱིས་ཁོང་གི་འཁྲིས་སུ་བསྡད་ཡོད་པ་དེ་ནི་བསྟན་འཛིན་གྱིས་ལོ་9ཡི་རིང་སྲུང་སྐྱོང་བྱས་པའི་ཁྲུང་ཁྲུང་སྐེ་ནག་གི་འདྲ་པར་ཞིག་རེད་ལ་བསྟན་འཛིན་གྱི་དགའ་ཤོས་བྱེད་པའི་པར་ཞིག་ཀྱང་རེད། ལོ་10ཡི་རིང་བསྟན་འཛིན་གྱིས་ཁྲུང་ཁྲུང་སྐེ་ནག་4ལ་སྨན་བཅོས་བྱས་མྱོང་བ་དང་། དེའི་ཁྲོད་ཁྲུང་ཁྲུང་སྐེ་ནག་གཉིས་བསྟན་འཛིན་གྱི་ཁྱིམ་དུ་ཟླ་8གསོས་ཡོད། བསྟན་འཛིན་གྱིས་ཁོ་གཉིས་ལ་ཚེ་རིང་དང་ཆུང་བདག་ཞེས་མིང་བཏགས་ཡོད།
བསྟན་འཛིན་གྱི་སྣེ་ཁྲིད་འོག་ནང་མི་དང་གྲོང་མི་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་ངང་ཁྲུང་ཁྲུང་ལ་སྲུང་སྐྱོབ་བྱེད་མཁན་གྱི་དཔུང་ཁག་ནང་ཞུགས་ཡོད། བསྟན་འཛིན་གྱི་བཟའ་ཟླ་ཚེ་སྒྲོན་གྱིས་ད་ཆ་ནང་མི་ཚང་མས་ཁོང་དང་འདྲ་བར་ཕྱིར་ཐོན་ཚེ་གང་སར་ཁྲུང་ཁྲུང་སྐེ་ནག་ལ་དོ་སྣང་བྱེད་ཀྱི་ཡོད། ཚང་མའི་ཐུན་མོང་གི་གཅེས་སྐྱོང་འོག ལོ་བཅུའི་རིང་། འདི་གར་དགུན་སྒྲོལ་བྱེད་པར་ཡོང་མཁན་ཁྲུང་ཁྲུང་སྐེ་ནག་ཇེ་མང་དུ་སོང་བ་དང་། 2005ལོའི་ཁྲུང་ཁྲུང་1200ལྷག་ཙམ་ནས་ད་ཆ་2300ལྷག་ཙམ་བར་མང་དུ་སོང་ཡོད་ལ། སྟག་མགོ་རི་བོའི་ཆུ་མཛོད་ཁུལ་དེ་ཡང་ཁྲུང་ཁྲུང་སྐེ་ནག་གི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ཁོངས་སུ་ཚུད་ཡོད།
ལོ་ན་རིམ་བཞིན་ཆེ་རུ་ཕྱིན་པ་དང་བསྟུན་ནས་བསྟན་འཛིན་གྱིས་སྐོར་ཞིབ་བྱེད་པའི་ནུས་པ་གཞན་དུ་སོང་ཡོད། ཁོང་གིས་ཉིན་ལྟར་རང་ཉིད་ལ་སྐོར་ཞིབ་བྱེད་རོགས་བྱེད་མཁན་གྱི་བུ་ཆུང་བ་བསམ་གྲུབ་དང་ཁ་ཆད་བྱས་དོན། གལ་ཏེ་ཉིན་ཞིག་ཁོང་གིས་ལས་ཀ་བྱེད་མ་ཐུབ་ཚེ་བསམ་གྲུབ་ཀྱིས་ངེས་པར་དུ་ཨ་ཕའི་ཚབ་བྱས་ཏེ་ཁྲུང་ཁྲུང་སྐེ་ནག་ལ་སྲུང་སྐྱོབ་བྱ་རྒྱུ་བྱས་ཡོད། ཁ་ཆད་དེ་ནི་ས་གནས་དེ་གའི་མང་ཚོགས་ཀྱིས་ཁྲུང་ཁྲུང་སྐེ་ནག་ལ་སྲུང་སྐྱོབ་བྱེད་པའི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱས་པ་ཞིག་ཡིན་པར་མ་ཟད། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོས་ཞི་ཅིན་ཕིང་གི་འབྱུང་ཁམས་ཤེས་དཔལ་གྱི་དགོངས་པ་ལག་ལེན་བསྟར་ནས་རྒྱལ་ཁབ་ཀྱི་འབྱུང་ཁམས་ཤེས་དཔལ་གྱི་མཐོ་ས་ནུས་ཤུགས་ཡོད་རྒུས་གཏོད་པའི་གསོན་ཉམས་དོད་པའི་ལག་ལེན་ཞིག་ཀྱང་རེད། བསྟན་འཛིན་གྱིས་ཁྲུང་ཁྲུང་སྐེ་ནག་ལ་སྲུང་སྐྱོབ་བྱེད་པ་ནི་ལས་ཀ་གལ་ཆེན་ཞིག་ཡིན་པས།ཕྱིས་འབྱུང་ངས་ལས་ཀ་བྱེད་མ་ཐུབ་ཚེ་ཕྲུ་གུར་མུ་མཐུད་ལས་ཀ་དེ་བྱེད་དུ་འཇུག་རྒྱུ་ཡིན་ཞེས་བཤད།
(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社