(པར་ངོས་དང་པོར་མཐུད)ཀྲུང་གོ་དང་སིང་ཀ་ཕོར་གྱི་མཉམ་ལས་ལ་ཡུན་རིང་དོ་ཁུར་དང་རྒྱབ་སྐྱོར་གནང་བར་གདེང་འཇོག་གང་ལེགས་གནང་ཡོད། ཞི་ཅིན་ཕིང་གིས་ན་ནིང་ང་ཚོས་ཐུན་མོང་ཐོག་ཀྲུང་གོ་དང་སིང་ཀ་ཕོར་གྱི་ཕྱོགས་ཡོངས་དང་སྤུས་ཚད་མཐོ་བའི་རྒྱང་ལྟའི་རང་བཞིན་གྱི་རོགས་ཟླའི་འབྲེལ་བ་གཏན་འཁེལ་བྱས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་ཆེད་འཐབ་ཇུས་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད། སང་ལོ་ནི་ཀྲུང་གོ་དང་སིང་ཀ་ཕོར་དབར་ཕྱི་འབྲེལ་བཙུགས་ནས་ལོ་35འཁོར་བའི་ལོ་ཡིན་པས། ཕྱོགས་གཉིས་པོས་མཐོ་རིམ་འགྲོ་འོང་ཟབ་ཏུ་གཏོང་བ་དང་། གོང་འཕེལ་གྱི་འཐབ་ཇུས་སྦྲེལ་མཐུད་ལ་སྔར་བས་ཤུགས་སྣོན་རྒྱག་པ། ཁྱབ་ཁོངས་ཁག་གི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་མང་བ་སྐྲུན་པ་དང་ས་ཁུལ་གྱི་ཞི་བདེ་དང་དར་རྒྱས་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས་ད་ལོ་ནི་སུའུ་ཀྲོའུ་བཟོ་ལས་གླིང་ཁུལ་གསར་སྤེལ་འཛུགས་སྐྲུན་བྱས་ནས་ལོ་30འཁོར་བའི་ལོ་ཡིན། ལོ་30ཡི་རིང་། སུའུ་ཀྲོའུ་བཟོ་ལས་གླིང་ཁུལ་དེ་ཉིད“རྫིང་བུ་གཤོང་ས”ཞིག་ནས“གསར་གཏོད་གྲོང་ཁྱེར”དུ་གྱུར་ནས་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་གསོན་ཉམས་དོད་པའི་མ་དཔེ་བཏོད་ཡོད་ལ། སིང་ཀ་ཕོར་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་ནང་གཏིང་ཟབ་ཞུགས་པའི་དཔང་རྟགས་ཀྱང་རེད།ཀྲུང་གོས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཁྱོན་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རྒྱང་ལམ་གསར་པའི་ཐོག་བསྐྱོད་འགོ་ཚུགས་ཟིན། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་སེམས་ནུས་གཅིག་སྡུད་ཀྱིས་རང་ཉིད་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་མཐའ་འཁྱོངས་བྱ་རྒྱུ་ཡིན་པ་དང་། དཔལ་འབྱོར་ཡུན་རིང་བཟང་ཕྱོགས་སུ་རྒྱུན་འཁྱོངས་ཐུབ་ནས་སྤུས་ཚད་མཐོ་བའི་གོང་འཕེལ་མངོན་འགྱུར་ཐུབ་རྒྱུའི་ཡིད་ཆེས་ཡོད། སིང་ཀ་ཕོར་ཕྱོགས་ཀྱིས་མུ་མཐུད་ཀྲུང་གོ་དང་མཉམ་ལས་བྱེད་པའི་སྔོན་སྐྱོད་པ་བྱས་ནས་ཀྲུང་གོ་དང་སིང་ཀ་ཕོར་ཕྱོགས་གཉིས་པོའི་མཉམ་ལས་ལམ་སྲོལ་ཚོགས་འདུའི་སྟེགས་བུ་ཡག་པོ་སྤྱོད་པ་དང་། མཉམ་ལས་རྣམ་གྲངས་གལ་ཆེན་ཆུ་ཚད་མཐོ་པོས་གཉེར་བ། གྲངས་འཛིན་ཅན་དང་ལྗང་མདོག་ཅན་གྱི་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བཅས་བྱས་ནས་དུས་རབས་གསར་པའི་ཀྲུང་གོ་དང་སིང་ཀ་ཕོར་གྱི་མཉམ་ལས་ཀྱི་ལེའུ་གསར་པ་མུ་མཐུད་རྩོམ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས་དེང་གི་འཛམ་གླིང་ལ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་འབྱུང་བཞིན་ཡོད། ཉེན་ཁ་དང་འགྲན་སློང་གི་མདུན་དུ་རྒྱལ་ཁབ་གང་ཞིག་ཡིན་རུང་ཐབས་མཁས་རང་སྲུང་བྱེད་ཐབས་བྲལ་བས། མཐུན་སྒྲིལ་མཉམ་ལས་དང་སྒོ་དབྱེ་ཁོང་ཡངས་མཐའ་འཁྱོངས་བྱ་རྒྱུ་ནི་མི་ཡུལ་གྱི་འགྲོ་ལམ་ཡང་དག་དེ་ཡིན། ཀྲུང་གོ་ཕྱོཊ་ཀྱིས་སིང་ཀ་ཕོར་ཕྱོགས་དང་མཉམ་དུ་ཕྱོགས་མང་རིང་ལུཊ་ངོ་མ་ལག་ལེན་བསྟར་བ་དང་། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་རླབས་རྒྱུན་དང་བསྟུན་པ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་། ཚོགས་པའི་ཁ་གཏད་དང་ཁ་ཕྲལ་ཁ་གཏད་ལ་བཀག་འགོག་བཅས་བྱས་ཏེ། ཨེ་ཤེ་ཡའི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་འདོད་ཡོད་ཅེས་བསྟན་གནང་ཡོད།
ལི་ཞན་ལུང་གིས་ན་ནིང་ཟླ་གསུམ་པར་ང་རང་ནས་ཀྲུང་གོར་འཚམས་འདྲི་ལེགས་པར་ཞུ་རྒྱུ་བྱུང་ཞིང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྷན་དུ་སིང་ཀ་ཕོར་དང་ཀྲུང་གོའི་འབྲེལ་བ་དེ་ཕྱོགས་ཡོངས་དང་སྤུས་ཚད་མཐོ་བའི་རྒྱང་ལྟའི་རང་བཞིན་གྱི་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་ཡིན་པས། རྒྱལ་ཁབ་གཉིས་པོའི་འབྲེལ་བར་སྔར་བས་ཤུགས་སྣོན་ཐེབས་པ་དང་། ཕྱོགས་གཉིས་པོའི་མཉམ་ལས་ལམ་སྲོལ་ཚོགས་འདུ་བདེ་བླག་ངང་འཚོགས་ཤིང་། དངོས་སྒྲུབ་ཀྱི་གྲུབ་འབྲས་མང་པོ་ཐོབ་ཡོད། སུའུ་ཀྲོའུ་བཟོ་ལས་གླིང་ཁུལ་གསར་སྤེལ་འཛུགས་སྐྲུན་བྱས་ནས་ལོ་30སོང་ཚུན། དེང་རབས་ཅན་གྱི་གྲོང་རྡལ་དུ་འཕེལ་རྒྱས་ཕྱིན་ཡོད་པ་དང་། སིང་ཀ་ཕོར་དང་ཀྲུང་གོའི་སྤུས་ཚད་མཐོ་བའི་མཉམ་ལས་ཀྱི་ལེགས་གྲུབ་ལྡན་པའི་ལག་ལེན་དང་མིང་བྱང་རྩེ་གྲ་ཞིག་ཏུ་གྱུར་བ་དང་དུས་མཚུངས། འཛམ་གླིང་ལ་ཀྲུང་གོས་རྒྱུན་ཆད་མེད་པར་སྒྱུར་བཅོས་སྒོ་དབྱེ་བྱེད་པའི་ཉམས་སྣང་ཡང་མངོན་ཡོད། ཀྲུང་གོར་ལེཊ་གྲུབ་ལྡན་པའི་དེང་རབས་ཅན་གྱི་གོང་འཕེལ་གྱི་འགྲོ་ལམ་ཞིག་རྙེད་ཟིན་པས། སིང་ཀ་ཕོར་ཕྱོགས་ཀྱིས་ཀྲུང་གོའི་འབྱུང་འགྱུར་ལ་ཡིད་ཆེས་ཀྱིས་ཁེངས་ཡོད་ལ། ཀྲུང་གོས་འཕེལ་རྒྱས་དང་དར་རྒྱས་རྒྱུན་འཁྱོངས་བྱས་ཏེ་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་ཡིད་ཆེས་ཀྱང་ཡོད། སིང་ཀ་ཕོར་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུར་མུ་མཐུད་གཞོལ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ནང་ཧུར་ཐག་ཞུགས་རྒྱུ་ཡིན། མིག་སྔའི་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་འོག རྒྱལ་ཁབ་ཁག་གིས་མིག་རྒྱང་རིང་པོའི་ཐོག་ནས་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་དང་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ཐོག ཉེན་ཁ་དང་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་པ་དང་མི་དམངས་ལ་བདེ་སྐྱིད་སྔར་ལས་ལྷག་པ་བསྐྲུན་དགོས་ཞེས་གསུངས་པ་རེད།
ཕྱོགས་གཉིས་པོས་ད་དུང་ཀྲུང་གོ་དང་ཨ་རིའི་འབྲེལ་བ་དང་ས་ཁུལ་གྱི་དུས་བབ་སོགས་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་དགོངས་འཆར་བརྗེ་རེས་གནང་ཡོད།
(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社