分享按钮

གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་2024ལོའི་ལྗང་མདོག་ཁྱིམ་ཚང་འདེམས་པའི་གཟེངས་བསྟོད་དང་འཚམས་འདྲིའི་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་26ཉིན།གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་ལྷ་ས་གཏོད་རྒྱུའི་ཐད་ཁོང་ཉིད་ཞུགས། ཁོར་ཡུག་བཅོས་སྒྲིག་བྱེད་པར་བུད་མེད་ཀྱིས་བྱ་སྤྱོད་སྤེལ་ཞེས་པའི་2024ལོའི་ལྷ་ས་གྲོང་ཁྱེར་གྱི་ལྗང་མདོག་ཁྱིམ་ཚང་འདེམས་པའི་གཟེངས་བསྟོད་དང་འཚམས་འདྲིའི་བྱེད་སྒོ་སྤེལ་བ་རེད།

གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཚེ་རིང་དོན་གྲུབ་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

བྱེད་སྒོའི་ཐོག་གཟེངས་བསྟོད་ཐོབ་པའི་ལྗང་མདོག་ཁྱིམ་ཚང་30ལ་འཚམས་འདྲི་བྱས་ཤིང་།ཚེ་རིང་དོན་གྲུབ་ཀྱིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས་གཟེངས་བསྟོད་ཐོབ་པའི་ལྗང་མདོག་ཁྱིམ་ཚང་ཚང་མར་བཀྲ་ཤིས་རྟེན་འབྲེལ་ཞུས་པ་རེད།ཁོང་གིས་ད་ཐེངས་ཀྱི་བྱེད་སྒོ་ནི་རྩ་དོན་ལྔ་མཐའ་འཁྱོངས་དང་།འཐབ་ཇུས་ཆེན་པོ་བཞི་ལག་ལེན་བསྟར་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དེའི་ཐོག་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གི་འཐབ་ཇུས་ཆེན་པོར་སྐུལ་འདེད་གཏིང་ཟབ་གཏོང་ཆེད།རྒྱ་ཆེའི་བུད་མེད་མང་ཚོགས་དང་ཁྱིམ་ཚང་གིས་ལེགས་སྐྱེས་ཕུལ་བའི་བུད་མེད་ཀྱི་སྟོབས་ཤུགས་མངོན་ཡོད་ཅེས་གསུངས་པ་རེད།

ཚེ་རིང་དོན་གྲུབ་ཀྱིས་ལྗང་མདོག་ཁྱིམ་ཚང་འཛུགས་སྐྱོང་གི་ལས་འགན་ལྕི་ལ་ལམ་ཐག་རིང་བ་ཞིག་ཡོད།ཁོང་གིས་ཁྱིམ་ཚང་དེ་བས་མང་བ་ལྗང་མདོག་འཚོ་བའི་གྲལ་དུ་ཞུགས་ཏེ་བྱ་བ་ཆུང་ཙག་ནས་སྒྲུབ་པ་དང་ཉེ་འགྲམ་གྱི་བྱ་བ་ཆུང་ཙག་ནས་དམ་འཛིན་བྱས་ཏེ་ཐུན་མོང་ཐོག་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་འཐབ་ཇུས་ལ་རོགས་སྐྱོར་དང་མཛེས་པའི་ཁྱིམ་གཞིས་བསྐྲུན་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་སྐུལ་ལྕག་གནང་བ་རེད།

(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-28 6 6 拉萨日报藏文 c191804.html 1 གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་2024ལོའི་ལྗང་མདོག་ཁྱིམ་ཚང་འདེམས་པའི་གཟེངས་བསྟོད་དང་འཚམས་འདྲིའི་བྱེད་སྒོ་སྤེལ་བ། /enpproperty-->