(2024ལོའི་ཟླ་11ཚེས་25ཉིན་སྲིད་གྲོས་སྐབས་བཅུ་གཉིས་པའི་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོཊ་འདུ་ཐེངས་བཅོ་ལྔ་པའི་ཐོག་གྲོས་འཆམ་བྱུང་བ)
བློ་མཐུན་དབང་རྒྱལ་དང་། ཚའོ་ཝེ། སྐལ་སྒྲོལ་བཅས་ཀྱི་ལས་ཀར་ལེགས་སྒྲིག་བྱས་པའི་རྐྱེན་དང་། བློ་མཐུན་ཧོང་ཆན་མེ་ལས་འཁྱུར་ངལ་གསོ་རྒྱག་རྒྱུར་ཆོག་མཆན་གནང་ཟིན་པ། བློ་མཐུན་ཧོ་ཅི་ཤང་གི་ལས་དོན་ལེགས་སྒྲིག་བྱས་པ་དང་སྐུ་གཟུགས་ཀྱི་རྐྱེན། ད་དུང་བློ་མཐུན་འཇིགས་མེད་རྡོ་རྗེ་དང་། ཀུའོ་ཧུའེ། སྤེན་པ་སྒྲོལ་མ་བཅས་ཀྱི་སྐུ་གཟུགས་ཀྱི་རྐྱེན་བཅས་ལ་བརྟེན་ནས་སྲིད་གྲོས་སྐབས་བཅུ་གཉིས་པའི་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ནས་དགོངས་ཞུ་གནང་རྒྱུའི་རེ་བ་ཞུས་ཤིང་།སྲིད་གྲོས་སྐབས་བཅུ་གཉིས་པའི་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་ལྔ་པས《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྒྲིག་ཡིག》གི་དོན་ཚན་ཉེར་བརྒྱད་པའི་གཏན་འབེབས་གཞིར་བཟུང་སྟེ། དབང་རྒྱལ་དང་།ཚའོ་ཝེ།སྐལ་སྒྲོལ།ཧོང་ཆན་མེ།ཧོ་ཅི་ཤང་། འཇིགས་མེད་རྡོ་རྗེ།ཀུའོ་ཧུའེ།སྤེན་པ་སྒྲོལ་མ་བཅས་ཀྱི་དགོངས་ཞུར་དང་ལེན་བྱ་རྒྱུ།
(མི་8)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社