ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་འཐབ་ཇུས་ལག་བསྟར་བྱས་པ་ནས་བཟུང་། ལྷུན་གྲུབ་རྫོང་གི་རིམ་ཁག་ཚན་ཁག་གིས་རྣམ་བཞི་གཅིག་སྒྲིལ་དང་དོ་དམ་བདུན་མཉམ་འཛིན་གྱི་ལས་ཀའི་བསམ་ཕྱོགས་མཐའ་འཁྱོངས་ཀྱིས་བྱ་སྤྱོད་ཁག་བརྒྱད་གཏིང་ཟབ་སྤེལ་བས་རྫོང་དེ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་རྣམ་པ་རིམ་བཞིན་ལེགས་སུ་ཕྱིན་ནས། མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད་པ་རེད།
དཔལ་འབྱོར་གླིང་ཤང་ནི་ལྷུན་གྲུབ་རྫོང་གི་ཤར་སྒོ་ཡིན་པ་དང་རྒྱལ་ལམ་561ཤང་དེ་བརྒྱུད་ཡོད། རྒྱལ་ལམ་གཡས་གཡོན་དུ་ཚོང་ཁང་དང་ཟ་ཁང་མི་ཉུང་བ་ཞིག་ཡོད་པས་ཕར་འགྲོ་ཚུར་འོང་བྱེད་མཁན་རླངས་འཁོར་དང་ཡུལ་སྐོར་བ་དེ་གར་ངལ་གསོ་རྒྱག་གི་ཡོད་པ་དང་། ལམ་འགྲམ་དུ་རླངས་འཁོར་གང་བྱུང་དུ་བཞག་པའི་སྣང་ཚུལ་ཡང་ཡང་ཐོན་གྱི་ཡོད། འོན་ཀྱང་ཉེ་ཆར་གསར་འགོད་པ་དཔལ་འབྱོར་གླིང་ཤང་དུ་བཅར་འདྲིར་སྐྱོད་སྐབས་རླངས་འཁོར་གོ་རིམ་ལྡན་པའི་ངང་བཞག་ཡོད་པར་མ་ཟད། ཁོར་ཡུག་ཀྱང་གཙང་ཞིང་གྲལ་འགྲིག་པ་ཞིག་ཡོད་པ་མཐོང་བྱུང་།
བོད་ཟས་ཁང་གི་སྦྱིན་བདག་རབ་བརྟན་གྱིས་གསར་འགོད་པར། དེ་སྔ་ཟ་ཁང་གི་སྒོ་འགྲམ་དུ་རླངས་འཁོར་འཇོག་ས་མེད་པ་དང་ཚོང་ཁང་གི་མཐའ་འཁོར་དུ་གད་སྙིགས་མང་པོ་སྤུངས་ཡོད་པས་ཁོར་ཡུག་གི་གཙང་སྦྲ་འཕྲོད་བསྟེན་ཞན་ཙམ་ཡོད། ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གི་འཐབ་ཇུས་ཆེན་མོ་ལག་བསྟར་བྱས་རྗེས། ཟ་ཁང་ཉེ་འཁོར་གྱི་ཁོར་ཡུག་ལེགས་སུ་ཕྱིན་ནས་རླངས་འཁོར་ཚང་མ་གསར་དུ་བགོས་པའི་རླངས་འཁོར་འཇོག་སར་གྲལ་སྟར་འགྲིག་པོས་འཇོག་པ་དང་།ཚོང་དུད་ཚོས་ཀྱང་རང་འགུལ་ངང་ཁོར་ཡུག་འཕྲོད་བསྟེན་སྲུང་སྐྱོང་བྱེད་ཀྱི་ཡོད་ཅེས་བཤད།
ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་འཐབ་ཇུས་ལག་བསྟར་བྱས་རྗེས། དཔལ་འབྱོར་གླིང་ཤང་གིས་གཅིག་བྱས་པ་དྲུག་གཅིག་གི་ལས་ཀའི་བྱ་ཐབས་སྤྱད་དེ་ཆེད་དོན་ལས་ཀའི་འགོ་ཁྲིད་ཚོཊ་ཆུང་བཙུཊ་ནས། གྲོང་ཁྱེར་གྱི་སྒྲིག་བཀོད་དང་གཞུང་ལམ་འགྲིམ་འགྲུལ་སོཊ་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ། བཅོས་སྒྲིག་གི་ནང་དོན་དང་བྱ་ཐབས་ཁ་གསལ་བཟོས་ཡོད། དེ་དང་ཆབས་ཅིག་དྲ་ཐོག་དང་དྲ་ཕྱིར་ཕྱོཊ་ཡོངས་ནས་དྲིལ་བསྒྲཊ་དང་ཁྲིད་སྟོན་བྱས་ཏེ། (པར་ངོས་བཞི་པར་གཟིགས)
ཀྱི་རྣམ་པ་གསར་པ་བཏོད་པ།
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社