ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་26ཉིན་གྱི་སྔ་དྲོར་བོད་ལྗོངས་མཐའ་མཚམས་ནས་འགྲོ་འོང་བྱེད་པའི་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིཊ་ཀྱི་མཐའ་མཚམས་ལམ་ཡིག་ཞབས་ཞུ་དོ་དམ་ལྟེ་གནས་ཀྱི་འཛུཊ་སྐྲུན་རྣམ་གྲངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚལ་གུང་ཐང་ཁྲོམ་གཞུང་དུ་སྤེལ་འགོ་ཚུཊ་པ་རེད།
རྣམ་གྲངས་དེར་མ་དངུལ་སྒོར་ཁྲི་998བཏང་ཡོད་ཅིང་། དེང་རབས་ཅན་གྱི་ཇུས་འགོད་འདུ་ཤེས་རྒྱུན་འཁྱོངས་བྱས་པ་དང་། ལག་ཁྱེར་གཉེར་ཁུལ་དང་། ངལ་གསོ་ཁུལ། གསོ་རླུང་རྔུབ་ཁང་སོགས་ནུས་པ་མང་བའི་ཁུལ་འཆར་འགོད་བྱས་པ། ལག་ཁྱེར་གཉེར་སའི་སྐར་ཁུང་དང་རང་བརྟེན་ཞབས་ཞུའི་སྒྲིག་ཆས་12བཀོད་སྒྲིག་བྱས་པར་མི་200ལྷག་ཙམ་གྱིས་དུས་གཅིག་ཏུ་ལག་ཁྱེར་གཉེར་ཆོག་པས།(པར་ངོས་གསུམ་པར་གཟིགས)
པར་འདི་ནི་བོད་ལྗོངས་མཐའ་མཚམས་ནས་འགྲོ་འོང་བྱེད་པའི་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱི་མཐའ་མཚམས་ལམ་ཡིག་ཞབས་ཞུ་དོ་དམ་ལྟེ་གནས་འཛུགས་སྐྲུན་རྣམ་གྲངས་ཀྱི་པར་རིས་ཡིན།
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社