ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་26ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཟླ་11ཚེས་26ཉིན་གྱི་ཕྱི་དྲོ། པེ་ཅིང་ཏིའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་ས་མོ་ཡའི་སྲིད་བློན་ཧྥེ་ཡ་མེ་དང་མཇལ་འཕྲད་གནང་བ་རེད།ཞི་ཅིན་ཕིང་གིས་ས་མོ་ཡ་ནི་ཞི་བདེ་རྒྱ་མཚོའི་གླིང་ཕྲན་རྒྱལ་ཁབ་ཀྱི་ཁྲོད་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་འཛུགས་མཁན་ཁག་དང་པོའི་གྲས་ཤིག་རེད། ཕྱི་འབྲེལ་བཙུགས་ནས་ལོ་ངོ་50ཙམ་སོང་རིང་། རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་རྒྱུན་འཁྱོངས་ཐུབ་པ་དང་། སྔ་ཕྱི་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། མཉམ་ལས་མཉམ་རྒྱལ་བྱུང་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཆེ་ཆུང་ཚང་མ་འདྲ་མཉམ་ཡིན་པ་དང་། ཚང་མར་རང་ཚུགས་རང་བདག་ངང་དེང་རབས་ཅན་མངོན་འགྱུར་ཡོང་བར་བྱེད་པའི་དབང་ཆ་ཡོད་པའི་འདོད་ཚུལ་འཛིན་གྱི་ཡོད། ས་མོ་ཡས་རང་ངོས་ཀྱི་བདག་དབང་དང་རང་ཚུགས་ལ་སྲུང་སྐྱོབ་བྱེད་པ་དང་རང་རྒྱལ་ཁབ་ཀྱི་རྒྱལ་ཚུལ་དང་འཚམ་པའི་གོང་འཕེལ་གྱི་ལམ་བུ་རང་བརྟེན་ངང་འཚོལ་ཞིབ་བྱ་རྒྱུར་ཀྲུང་གོས་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ས་མོ་ཡའི་དབར་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་སྐྱོང་སྲིད་འཛིན་དང་གོང་འཕེལ་གྱི་ཉམས་མྱོང་སྤེལ་རེས་བྱ་རྒྱུར་ཤུགས་སྣོན་རྒྱག་པ། གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་སྒྲོམ་གཞིའི་ནང་ས་མོ་ཡའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་མུ་མཐུད་རོཊ་རམ་བྱེད་པ། དཔལ་འབྱོར་ཉོ་ཚོང་དང་། མ་འཇོག ཞིང་ལས་ཉ་ལས་སོགས་ཁྱབ་ཁོངས་ཀྱི་ནུས་པ་ཆེན་པོ་དག་སྔོག་འདོན་བྱེད་པ། གཉིས་ཕན་མཉམ་ལས་རྒྱ་སྐྱེད་གཏོང་བ་བཅས་བརྒྱུད་དེ་ཐུན་མོང་གོང་འཕེལ་མངོན་འགྱུར་ཡོང་བར་བྱ་འདོད་ཡོད། ཕྱོགས་གཉིས་པོས་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་གཏོང་བ་དང་། སློབ་གསོ་དང་། རིག་གནས། གཞོན་ནུ་སོགས་མི་ཆོས་རིག་གནས་ཁྱབ་ཁོངས་ཀྱི་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། ཀྲུང་གོ་དང་ས་མོ་ཡའི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་བརྟན་ཐོག་རྒྱང་བགྲོད་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་གནང་བ་རེད། ཞི་ཅིན་ཕིང་གིས་ཀྲུང་གོས་ཞི་བདེ་རྒྱ་མཚོའི་གླིང་ཕྲན་རྒྱལ་ཁབ་ལ་བརྩི་འཇོག་གང་ལེགས་བྱེད་པ་བཞིའི་རྩ་དོན་རྒྱུན་འཁྱོངས་བྱེད་ཅིང་། ཞི་བདེ་རྒྱ་མཚོའི་རྒྱལ་ཁབ་ལ་རོགས་རམ་བྱེད་པ་དེར་ཆབ་སྲིད་ཀྱི་ཆ་རྐྱེན་གང་ཡང་ཟུར་སྣོན་མི་བྱེད་པ་དང་གཞན་ལ་བཙན་ཤེད་གང་ཡང་བྱེད་ཀྱི་མེད་ལ།ཁ་སྟོང་པའི་ཁས་ལེན་ཡང་བྱེད་ཀྱི་མེད། ཀྲུང་གོས་ཞི་བདེ་རྒྱ་མཚོའི་གླིང་ཕྲན་རྒྱལ་ཁབ་ལ་འཛིན་པའི་སྲིད་ཇུས་ནི་སྒོ་དབྱེ་ཁོང་ཡངས་དང་སྒེར་སེམས་མེད་པ་ཞིག་ཡིན་ལ། ཕྱོཊ་གསུམ་པ་གང་ལའང་དམིགས་པ་ཞིག་མིན་པར་མ་ཟད། ས་ཁམས་འཕྲོག་རྩོད་དང་སྟོབས་ཤུགས་རྒྱ་སྐྱེད་གཏོང་རྒྱུ་ཡང་དོན་དུ་གཉེར་གྱི་མེད། ཀྲུང་གོས་ཞི་བདེ་རྒྱ་མཚོའི་གླིང་ཕྲན་རྒྱལ་ཁབ་ལ་རོགས་རམ་བྱས་ཏེ་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་གཏོང་རྒྱུ་དེ་སྔོན་ལ་མཉམ་ལས་བྱེད་པའི་ཁྱབ་ཁོངས་ནང་འཇུག་རྒྱུ་དང་། 《མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་བའི་སྒྲོམ་གཞིའི་སྤྱི་ཆིངས》དང་། དེ་བཞིན《ཕ་རི་སིའི་གྲོས་ཆོད》ཁྱོན་ཡོངས་ནས་ནུས་ལྡན་ངང་ལག་ལེན་བསྟར་རྒྱུར་སྐུལ་འདེད་གཏོང་བ། ཐུན་མོང་ཡིན་ལ་དབྱེ་བ་ཡོད་པའི་འགན་འཁྲིའི་རྩ་དོན་ལ་སྲུང་སྐྱོང་བྱེད་པ། གཞུང་དྲང་དྲང་བདེན་དང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོང་བྱེད་པ་བཅས་ཀྱི་ཐོག་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་གཏོད་འདོད་ཡོད་ཅེས་ནན་གསུངས་གནང་བ་རེད།
ཧྥེ་ཡ་མེ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག་ཀྲུང་གོར་གོང་འཕེལ་གྱི་གྲུབ་འབྲས་བཟང་པོ་ཐོབ་ཡོད་པ་དང་། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ལ་མིག་དཔེ་བཏོད་ཡོད། ས་མོ་ཡ་ཕྱོགས་ནས་ཀྲུང་གོའི་དེང་རབས་ཅན་དང་། ལྷག་པར་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གི་དབུལ་ཕོངས་ཉུང་གཏོང་དང་སྦགས་མེད་གོང་འཕེལ་སོགས་སྐོར་གྱི་རྒྱལ་སྐྱོང་སྲིད་འཛིན་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་འདོད་ཡོད། ཀྲུང་གོས་དུས་ཡུན་རིང་པོའི་ནང་ས་མོ་ཡར་རྩ་ཆེའི་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ས་མོ་ཕྱོགས་ནས་ཀྲུང་གོས་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་ཇུས་མི་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། ཞི་བདེ་རྒྱ་མཚོའི་རྒྱལ་ཁབ་ལ་རོགས་རམ་བྱེད་པར་ཆབ་སྲིད་ཀྱི་ཆ་རྐྱེན་གང་ཡང་ཟུར་སྣོན་མི་བྱེད་པར་མ་ཟད། ཁ་བཤད་ལག་བསྟར་གྱི་བྱེད་སྟངས་དེར་བསྔགས་བརྗོད་ཀྱང་ཞུ་ཡི་ཡོད། ས་མོ་ཡ་ཕྱོགས་ནས་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་རྒྱུ་དང་།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社