ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། དུས་ཡུན་ཉིན་གསུམ་ཡིན་པའི་སྐབས་བཅུ་བཞི་པའི་ཀྲུང་གོའི་རྒྱལ་སྤྱིའི་ཚོང་རྟགས་སྤུས་རྟགས་དུས་ཆེན་དེ་ཧྲའན་ཤིས་ཤིས་ཨན་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་སུ་འགོ་ཚུགས་པ་རེད། སྐབས་འདིའི་ཚོང་རྟགས་དུས་ཆེན་གྱིས་ཞབས་ཞུའི་ཚོང་རྟགས་སྤུས་རྟགས་གཏོད་པའི་འདུ་འགོད་ཀྱིས་ཀྲུང་གོའི་ཚོང་རྟགས་སྤུས་རྟགས་གྲགས་ཅན་གཏོད་དགོས་ཞེས་པ་གཙོ་དོན་དུ་བྱས་ནས་ཀྲུང་གོའི་ཚོང་རྟགས་ལོ་ཚོགས་དང་ཀྲུང་ཧྭའི་ཚོང་རྟགས་སྤུས་རྟགས་ཀྱི་དངོས་མང་སྟོན་ཚོགས་སོགས་ཀྱི་གཙོ་དོན་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད། ད་ལོའི་ཀྲུང་གོའི་ཚོང་རྟགས་ལོ་ཚོགས་ཐོག་ཆེད་དོན་ཚོགས་འདུ་20ལྷག་ཙམ་བཀོད་སྒྲིག་བྱས་པའི་ཁྲོད་ཚོང་རྟགས་ཐོ་འགོད་དང་། བེད་སྤྱོད། སྲུང་སྐྱོབ། དོ་དམ། ཞབས་ཞུ་བཅས་བརྒྱུད་རིམ་ཧྲིལ་པོའི་ལས་སྒོར་ཞིབ་དཔྱད་དང་ལས་རྣམ་གསར་པའི་ཁྱབ་ཁོངས་ཀྱི་ཤེས་བྱའི་ཐོན་དབང་སྲུང་སྐྱོང་ཞིབ་འཇུག་ལ་དམིགས་ཏེ་ནང་དོན་སྣ་མང་དངོས་སྒྲུབ་དང་། ཀྲུང་ཧྭའི་སྤུས་རྟགས་ཚོང་རྟགས་དངོས་མང་སྟོན་ཚོགས་ཐོག་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། གྲོང་ཁྱེར། རང་སྐྱོང་ལྗོངས་བཅས་31ནས་ཡོང་བའི་ཕུལ་བྱུང་ཚོང་རྟགས་སྤུས་རྟགས་ཀྱི་ཁེ་ལས་དང་། མངོན་མིན་རིགས་གནས་ཤུལ་བཞག་གྲགས་ཅན་ཐོན་རྫས་ཀྱི་ཁེ་ལས། སྤུས་ལེགས་ཤེས་བྱའི་ཐོན་དབང་གི་ཞབས་ཞུའི་སྒྲིག་གཞི་དང་དེ་བཞིན་ས་ཁམས་མཚོན་རྟགས་ཀྱི་ཐོན་རྫས་བཅས་འདུས་ཡོད་པ་དང་། དངོས་མང་སྟོན་ཚོགས་སུ་རང་སོ་སོའི་ཁྱད་ཆོས་ལྡན་པའི་དྲིལ་བསྒྲགས་འགྲེམས་སྟོན་བྱས་ནས་གསར་གཏོད་གྲུབ་འབྲས་ལ་གཡས་གཞོགས་གཡོན་འདེགས་དང་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཚོང་རྟགས་སྤུས་རྟགས་ཀྱི་ནུས་པ་གལ་ཆེན་མངོན་པར་བྱས་པ་རེད།
རང་རྒྱལ་གྱི་ཚོང་རྟགས་སྤུས་རྟགས་བྱ་གཞག་འཕེལ་རྒྱས་ཀྱི་བསྡུས་རིས་ཤིག་ཡིན་པའི་ཀྲུང་གོའི་རྒྱལ་སྤྱིའི་ཚོང་རྟགས་སྤུས་རྟགས་དུས་ཆེན་གྱིས་རང་རྒྱལ་གྱི་ཚོང་རྟགས་སྤུས་རྟགས་བྱ་གཞག་འཕེལ་རྒྱས་ཕྱིན་པའི་དཔང་པོ་བྱས་ཤིང་། ཕྱོགས་ཁག་གི་སྐུ་མགྲོན་ཕེབས་པའི་ཡིད་དབང་བཀུག་ནས་རྒྱལ་ནང་གི་ཚོང་རྟགས་སྤུས་རྟགས་ཁྱབ་ཁོངས་ཀྱི་ཚད་གཞི་མཐོ་ཤོས་དང་། གཞི་ཁྱོན་ཆེ་ཤོས། ཤུགས་རྐྱེན་ཆེ་ཤོས་བཅས་ཀྱི་རྒྱལ་སྤྱིའི་འདུ་ཚོགས་གཟབ་རྒྱས་ཤིག་ཏུ་གྱུར་པ་དང་། ཚོང་རྟགས་སྤུས་རྟགས་ལས་རིཊ་ཀྱི་སྟོན་མོ་གཟབ་རྒྱས་ཤིག་ཀྱང་ཡིན་པ་རེད། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་གྲོང་ཁྱེར་ཁོངས་གཏོགས་ཀྱི་སྐད་གྲགས་ཆོད་པའི་ཚོང་རྟགས་སྤུས་རྟགས་ཁེ་ལས་དང་། ས་ཁམས་མཚོན་རྟགས་ཀྱི་ཁེ་ལས། མངོན་མིན་རིག་གནས་ཤུལ་བཞག་ཁེ་ལས། ཤེས་བྱའི་ཐོན་དབང་ཞབས་ཞུའི་སྒྲིག་གཞི་བཅས་ཀྱི་ཚན་པ་20སྒྲིག་འཛུགས་བྱས་ཏེ་སྣ་ཁ་ཕུན་སུམ་ཚོགས་པ་དང་།ཁྱད་ཆོས་མངོན་གསལ་དོད་པའི་ཁེ་ལས་དང་སྒྲིག་གཞིའི་ཚོགས་པ་སྡེབ་སྒྲིག་བྱས་ནས་སྐབས་འདིའི་ཀྲུང་གོའི་རྒྱལ་སྤྱིའི་སྤུས་རྟགས་ཚོང་རྟགས་དུས་ཆེན་གྱི་བྱེད་སྒོའི་ནང་ཞུགས་ཤིང་། ཁེ་ལས་ཁག་གིས་གཟིམ་སྤོས་དང་། ཚགས་ཤ་སྐམ་པོ། གཏེར་ཆུ། ཆང་། པད་ཁའི་སྣུམ། བོད་སྨན། མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་རྫས། གྱོན་ཆས།
(པར་ངོས་གཉིས་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社