分享按钮

རང་གྲོང་གིས་སྤྱི་ཚོགས་འགན་བཅོལ་ཞབས་ཞུ་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་གདལ་དུ་གཏོང་བའི་རིམ་སྤེལ་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉིན་ཤས་གོང་ལྷ་ས་གྲོང་ཁྱེར་གྱིས་ཁྲེང་ཀོན་ཆུས་གླང་རུ་སྡེ་ཁུལ་དུ་སྤྱི་ཚོཊ་འགན་བཅོལ་ཞབས་ཞུ་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་གདལ་དུ་གཏོང་བའི་རིམ་སྤེལ་བྱེད་སྒོ་དང་སྤྱི་ཚོཊ་འགན་བཅོལ་ཐག་ཉེ་སར་གཉེར་བའི་ཁྲེང་ཀོན་ཆུས་རང་འདེམས་ཞབས་ཞུའི་དྲ་ཚིཊ་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་འཚོཊ་པ་རེད།

གླང་རུ་སྡེ་ཁུལ་གྱི་དམངས་ཕན་ཞབས་ཞུའི་ཚོམས་ཆེན་གྱི་མངོན་གསལ་དོད་སར“རྒན་གསོ་ངོས་འཛིན་དང་སྤྱི་ཚོགས་འགན་བཅོལ་འདྲི་རྩད”ཀྱི་རང་འགུལ་ཞབས་ཞུའི་གཞི་གཅིག་ཅན་གྱི་འཕྲུལ་ཆས་ཤིག་བཙུགས་ཡོད། ལས་དོན་པས་མང་ཚོགས་ལ་རང་འགུལ་ཞབས་ཞུའི་གཞི་གཅིག་ཅན་གྱི་འཕྲུལ་ཆས་སྤྱོད་སྟངས་ངོ་སྤྲོད་ཞིབ་ཕྲ་བྱས་ནས་ལོ་ན་མི་འདྲ་བའི་གྲོང་མིས་ཡང་དག་པའི་སྒོ་ནས་བེད་སྤྱོད་གཏོང་ཤེས་པར་བྱས་ཡོད།ཤེས་རྟོཊ་བྱུང་བར་གཞིཊ་ན། རང་འགུལ་ཞབས་ཞུའི་གཞི་གཅིག་ཅན་གྱི་འཕྲུལ་ཆས་ལ་འགན་བཅོལ་ནང་ཞུགས་པའི་ཐོ་འགོད་བྱེད་པ་དང་། ཆ་འཕྲིན་འདྲི་རྩད། སྤྱི་ཚོགས་འགན་བཅོལ་གྱི་གྲོན་དངུལ་འཇལ་བ། ཐོབ་ཐང་ར་སྤྲོད་སོགས་ཀྱི་ནུས་པ་མང་པོ་ལྡན་ཡོད་པས།གཅིག་འཐུས་རྣམ་པའི་ཐོག་ནས་ཡུལ་མིའི་སྤྱི་ཚོགས་འགན་བཅོལ་གྱི་ལས་སྒོའི་དགོས་མཁོ་སྣ་ཚོགས་སྐོང་ཐུབ་པ་དང་། ལྷ་ས་གྲོང་ཁྱེར་གྱི་སྤྱི་ཚོགས་འགན་བཅོལ་ཞབས་ཞུའི་སྤུས་ཚད་དང་ལས་ཕྱོད་མཐོ་རུ་གཏོང་བ་དང་།མང་ཚོགས་བློ་ཡིད་ཚིམ་ཚད་ཆེ་རུ་གཏོང་རྒྱུའི་ཐད་དོན་སྙིང་གལ་ཆེན་ལྡན་པར་མ་ཟད། སྤྱི་ཚོགས་འགན་བཅོལ་སྡེ་ཚན་གྱིས་ཚན་རྩལ་བྱ་ཐབས་སྤྱད་དེ་དམངས་ལ་སྟབས་བདེ་དང་དམངས་ལ་ཕན་བདེ་བསྐྲུན་པའི་ཆོད་སེམས་ཀྱང་མཚོན་ཡོད་པ་རེད།

སྒོ་བྱང་འགེལ་བའི་མཛད་སྒོའི་ཐོག་རྔ་ཆེན་ཁྲོམ་གཞུང་དང་། གླང་རུ་སྡེ་ཁུལ་གྱི་ལས་དོན་པ། སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱི་ཆེད་བསྐོས་ལས་དོན་པ་བཅས་ཀྱིས་ཐུན་མོང་ཐོག་གྲོང་མི་ཚོར་ཐག་ཉེ་ས་ནས་རང་འདེམས་ཞབས་ཞུའི་དྲ་ཚིགས་ཀྱི་ནུས་པ་དང་བཀོལ་སྤྱོད་ཀྱི་བརྒྱུད་རིམ་ལ་འགྲེལ་བཤད་རྒྱག་བཞིན་ཡོད། སྤྱི་ཚོགས་འགན་བཅོལ་ཐག་ཉེ་ས་ནས་གཉེར་བའི་ཁྲེང་ཀོན་ཆུས་ཀྱི་རང་འདེམས་ཞབས་ཞུའི་དྲ་ཚིགས་སྤྱོད་འགོ་ཚུགས་པ་དེས་ཉེ་འགྲམ་གྱི་གྲོང་མི་དང་། ཁེ་ལས། འགན་བཅོལ་ནང་ཞུགས་མཁན་བཅས་ཀྱིས་གྲོན་འཇལ་གྱི་གནས་ཚུལ་ལ་བལྟ་རྒྱུར་སྟབས་བདེ་ཆེན་པོ་བསྐྲུན་ཡོད། ད་ཐེངས་ཀྱི་བྱེད་སྒོའི་ཐོག་ནས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་རང་འགུལ་ཞབས་ཞུའི་དྲ་ཚིགས་5དངོས་སུ་སྤྱོད་འགོ་ཚུགས་པ་དང་། སྤྱི་ཚོཊ་འགན་བཅོལ་ཐག་ཉེ་ས་ནས་གཉེར་བའི་ཞབས་ཞུའི་ས་ཚིཊ་སྔར་བས་རྒྱ་ཆེར་ཕྱིན་པ། སྲིད་དོན་ཞབས་ཞུའི་ཆུ་ཚད་ཕྱོཊ་ཡོངས་ནས་མཐོ་རུ་ཕྱིན་པ། སྤྱི་ཚོགས་འགན་བཅོལ་གྱི་ཞབས་ཞུའི་ཐབས་ལམ་རྒྱ་ཆེར་ཕྱིན་པ་བཅས་མཚོན་ཡོད།

རྗེས་མར་རང་གྲོང་གིས་སྡེ་ཁུལ་དང་འབྲེལ་གཏུཊ་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་རང་འདེམས་ཞབས་ཞུའི་དྲ་ཚིགས་ཀྱི་རྗེས་མཐུད་ཀྱི་དོ་དམ་སྲུང་སྐྱོང་ལས་དོན་མུ་མཐུད་ནས་ཡག་པོ་བསྒྲུབས་ཏེ།རང་འགུལ་ཞབས་ཞུའི་འཕྲུལ་ཆས་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱེད་པ་དང་། ཞབས་ཞུའི་གནད་འཁེལ་རང་བཞིན་དང་གོ་ཆོད་རང་བཞིན་གྱི་ཕན་ནུས་ཆེ་ཤོས་ཐོན་ཐུབ་པའི་འགན་ལེན་བྱས་ཏེ་སྲིད་གཞུང་དང་མང་ཚོགས་དབར་གྱི་སེམས་སྦྲེལ་ཟམ་པ་ཞིག་ཏུ་དངོས་འབྲེལ་འགྱུར་བར་བྱ་རྒྱུ་རེད།

(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-27 6 6 拉萨日报藏文 c191707.html 1 རང་གྲོང་གིས་སྤྱི་ཚོགས་འགན་བཅོལ་ཞབས་ཞུ་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་གདལ་དུ་གཏོང་བའི་རིམ་སྤེལ་བྱེད་སྒོ་སྤེལ་བ། /enpproperty-->