ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།སྨན་དོན་པའི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་དང་འཕྲལ་སྡོམ་མེ་ཟོན་མྱུར་སྐྱོབ་ཀྱི་ནུས་པ་ཆེ་རུ་གཏོང་ཆེད། ཉིན་ཤས་གོང་། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གིས་མེ་ཟོན་འཕྲལ་སྡོམ་གྱི་ནང་སྦྱོང་བྱས་པ་རེད།
ཟླ་11ཚེས་22ཉིན་གྱི་ཕྱི་དྲོར། ཉེན་བརྡ་གྲཊ་པ་དང་བསྟུན་ནས་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་ནང་ཁུལ་གྱི་ཚན་ཁག་གསུམ་གྱི་མཛོད་ཁང་ནང་དུ་དུ་བ་ལང་ལོང་དུ་འཕྱུར་ཡོད། སྨན་ཁང་གིས་ཛ་དྲག་ངང་མེ་ཟོན་འཕྲལ་སྡོམ་གྱི་ཁ་འགྲེམས་སྔོན་ཇུས་ལག་ལེན་བསྟར་བྱས་ཤིང་། སྨན་དོན་པས་སྨན་ཁང་གི་མེ་ཟོན་ས་ཚིཊ་ཆུང་གྲས་ཀྱི་མི་སྣ་དང་གཞོགས་འདེཊ་དམ་ཟབ་ཀྱིས་ནད་པ་བདེ་འཇཊ་ངང་གནས་སྤོ་བྱེད་པ་དང་མེ་སྐྱོན་མགྱོཊ་མྱུར་ངང་གསོད་པ་སོཊ་བྱས་ཡོད། འདི་ནི་སྨན་ཁང་གི་འཕྲལ་སྡོམ་ཐག་གཅོད་ནུས་པ་ཆེ་རུ་གཏོང་བ་དང་སྨན་དོན་པའི་བདེ་འཇཊ་འདུ་ཤེས་ཟབ་ཏུ་གཏོང་བའི་མེ་ཟོན་འཕྲལ་སྡོམ་གྱི་ཁ་འགྲེམས་ནང་སྦྱོང་བྱས་པ་ཞིག་རེད།
བརྒྱུད་རིམ་ཧྲིལ་པོ་ཛ་དྲག་ལ་གོ་རིམ་ལྡན་པ་དང་ལྷུ་ཚིགས་ཁག་འབྲེལ་མཐུད་དམ་ཟབ་ཡོད་པས། སྨན་ཁང་གིས་ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་སྐབས་ཀྱི་ཚོར་སྣང་མྱུར་པོ་དང་ཐག་གཅོད་ནུས་པ་ཆེན་པོ་ཡོད་པ་གང་ལེགས་མངོན་ཡོད། ནང་སྦྱོང་མཇུག་འགྲིལ་རྗེས། སྨན་ཁང་གི་བདེ་འཇགས་དོ་དམ་སྡེ་ཚན་གྱིས་ཕྱོཊ་བསྡོམས་ཚོགས་འདུ་འཚོཊ་ནས་ནང་སྦྱོང་བྱེད་རིང་ལྷག་པའི་གནད་དོན་དང་མི་འདང་སར་དབྱེ་ཞིབ་དང་གྲོས་བསྡུར་བྱས་པ་རེད།
བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་མེ་ཟོན་ལག་རྩལ་ཆེན་མོ་བ་ལིའུ་ཤིན་ཕུང་གིས། ད་ཐེངས་ཀྱི་ནང་སྦྱོང་ཁྲོད་དུ་ཤེས་རྟོགས་བྱུང་བའི་མི་འདང་ས་དེ་དག་ང་ཚོས་སླད་ཕྱིན་གྱི་འཕྲལ་སྡོམ་སྔོན་ཇུས་ནང་ལེགས་སྒྲིག་དང་སྔར་བས་འཐུས་ཚང་དུ་བཏང་ནས། སྨན་པ་དང་ནད་པའི་ཚེ་སྲོག་གི་བདེ་འཇགས་ལ་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད།
ད་ཐེངས་ཀྱི་ནང་སྦྱོང་བརྒྱུད། སྨན་ཁང་ཡོངས་ཀྱི་ལས་བཟོ་བས་སྨན་ཁང་དུ་ཛ་དྲག་གི་གནས་ཚུལ་ཐོན་པའམ་ཡང་ན་མེ་སྐྱོན་ཐོན་སྐབས་ཀྱི་ཛ་དྲག་བྱ་སྤྱོད་ཀྱི་གོ་རིམ་དང་ཁ་འགྲེམས་ལམ་ཐིག་ཁོང་དུ་ཆུད་པར་མ་ཟད། ད་དུང་རང་སྐྱོབ་དང་ཕན་ཚུན་སྐྱོབ་རེས་ཀྱི་ནུས་པ་ཆེ་རུ་བཏང་ནས་ཞག་སྡོད་ནད་པ་དང་སྨན་དོན་པའི་ཚེ་སྲོག་གི་བདེ་འཇཊ་ལ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་འགན་ལེན་བྱས་ཡོད།
བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་ཡོན་ཀྲང་གཞོན་པ་བསོད་ནམས་ཀྱིས།སྨན་བཅོས་སྒྲིག་གཞི་ནི་མི་སྣ་འདུ་འཛོམས་ཆེ་ས་ཞིག་ཡིན་པའི་ཁར་ནད་པ་མང་པོ་ཡོད་པས་མེ་ཟོན་འཕྲལ་སྡོམ་གྱི་ནང་སྦྱོང་བྱེད་དགོས་ངེས་རེད།སླད་ཕྱིན་ང་ཚོས་དེ་དང་འདྲ་བའི་ནང་སྦྱོང་མུ་མཐུད་ནས་སྤེལ་ཏེ་སྨན་དོན་པའི་འཕྲལ་སྡོམ་ཐག་གཅོད་ནུས་པ་ཆེ་རུ་བཏང་ནས་ཁོང་ཚོར་ཁ་འགྲེམས་བརྒྱུད་རིམ་བྱང་ཆུབ་པོའི་ངང་ཤེས་ཐུབ་པར་བྱ་རྒྱུ་ཡིན་ཞེས་བཤད།
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社