分享按钮

དངུལ་རྩའི་དྲིལ་བསྒྲགས་སྤྱི་གླིང་དུ་སྤེལ་ནས་ཁེ་དབང་ལ་སྲུང་སྐྱོང་དང་ཉེན་ཁར་སྔོན་འགོག་བྱས་པ།

བོད་ལྗོངས་དངུལ་ཁང་སྤྱི་ཁྱབ་དངུལ་ཁང་ལས་གཉེར་པུའུ་ཡིས་དངུལ་རྩའི་ཞབས་ཞུའི་དྲིལ་བསྒྲཊ་བྱེད་སྒོ་སྤེལ་བ

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།གྲོང་མིར་དངུལ་རྩའི་ཤེས་བྱ་སྔར་བས་ཁྱབ་གདལ་དུ་གཏོང་བ་དང་། གྲོང་མིའི་དངུལ་རྩའི་ཤེས་བྱའི་ཆུ་ཚད་དང་ཉེན་ཁ་འགོག་ཟོན་གྱི་ནུས་པ་ཆེ་རུ་གཏོང་བ། ཞི་མཐུན་སྐྱོན་བྲལ་གྱི་དངུལ་རྩའི་ཁོར་ཡུག་ཅིག་སྐྲུན་པ་བཅས་བྱ་ཆེད།ཉིན་ཤས་གོང་བོད་ལྗོངས་དངུལ་ཁང་སྤྱི་ཁྱབ་དངུལ་ཁང་ལས་གཉེར་པུའུ་ཡི་གསེར་གྱི་སྐལ་བཟང་མེ་ཏོག་དངུལ་རྩའི་ཞབས་ཞུའི་རུ་ཁག་གིས་རྫོང་རྒྱབ་ཀླུ་ཁང་དུ་དངུལ་རྩའི་ཞབས་ཞུའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་གྲོང་མིའི་དངུལ་རྩའི་བྱང་ཚད་མཐོ་རུ་ནུས་ལྡན་བཏང་ཡོད་པ་རེད།

བྱེད་སྒོ་སྤེལ་ཡུལ་དུ་སྤྱི་གསོག་མ་དངུལ་གྱི་ལས་སྒོ་དང་སིལ་ཚོང་ལས་སྒོ་སོགས་ཀྱི་བློ་འདྲིའི་སྟེཊ་བུ་བཙུགས་པ་དང་བློ་འདྲིའི་སྟེགས་བུ་ཚང་མའི་མདུན་དུ་བློ་འདྲི་བྱེད་པར་ཡོང་མཁན་གྱི་གྲོང་མིས་ཁེངས་ཤིང་།ཁོང་ཚོས་དངུལ་བུན་གྱི་སྲིད་ཇུས་འདྲི་བའམ་ཡང་ན་རྒྱུ་ནོར་བདག་གཉེར་གྱི་ཐོན་རྫས་ལ་ཤེས་རྟོགས་བྱེད་པ་དང་མི་སྒེར་གྱི་ནོར་དོན་འཆར་འགོད་སྔར་བས་ཡག་པོ་ཇི་ལྟར་བྱ་རྒྱུའི་ཐད་གྲོས་བསྡུར་བྱེད་ཀྱི་ཡོད།

བྱེད་སྒོ་སྤེལ་རིང་གསེར་གྱི་སྐལ་བཟང་མེ་ཏོག་དངུལ་རྩའི་ཞབས་ཞུའི་རུ་ཁག་གི་རུ་མི་ཚོས་གོ་བདེ་ཞིང་ཤེས་སླ་བའི་སྐད་ཆའི་ཐོག་ནས་གྲོང་མི་ཚོར་དངུལ་རྩའི་ལས་སྒོ་གཉེར་རིང་གི་རྒྱུན་མཐོང་གི་གནད་དོན་ལ་འགྲེལ་བཤད་བརྒྱབ་པ་དང་། དཔེ་མཚོན་དངོས་ལ་དབྱེ་ཞིབ་དང་ཡུལ་དངོས་སུ་དཔེ་སྟོན་སོགས་ཀྱི་བྱ་ཐབས་བརྒྱུད་གྲོང་མི་ཚོས་འབྲེལ་ཡོད་ལས་སྒོར་སྔར་བས་ཤེས་རྟོགས་ཐུབ་པར་བྱས་ཡོད།

གྲོང་མི་ལིའུ་ཀོང་ལུང་གིས།ད་ཐེངས་ཀྱི་བྱེད་སྒོ་ཧ་ཅང་ཡག་པོ་འདུག ལས་དོན་པའི་འགྲེལ་བཤད་ལ་ཉན་པ་ཙམ་གྱིས་ཤེས་ཐུབ། དེ་སྔ་དངུལ་རྩའི་ཤེས་བྱ་ཚང་མ་ཤེས་ལ་མ་ཤེས་ཙམ་ཡིན། ད་ཐེངས་ཀྱི་བྱེད་སྒོ་བརྒྱུད་ཚད་ལྡན་གྱི་དངུལ་རྩའི་ཐོན་རྫས་དབྱེ་འབྱེད་དང་། གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས་ལ་དོགས་ཟོན་སོགས་ཀྱི་དངོས་སྤྱོད་ཤེས་བྱ་ཤེས་རྟོགས་ཐུབ་ནས་རང་ངོས་ཀྱི་དངུལ་རྩའི་ཉེན་ཁར་སྔོན་འགོག་བྱེད་པའི་ནུས་པ་ཆེ་རུ་ཤུགས་ཆེན་ཕྱིན་སོང་། བྱེད་སྒོ་དེ་རིགས་མང་ཙམ་སྤེལ་ནས་མི་དེ་བས་མང་བར་ཕན་པ་ཐོབ་རྒྱུའི་རེ་བ་ཡོད་ཅེས་བཤད།

ཆེད་ལས་ཀྱི་དངུལ་རྩའི་བློ་འདྲིའི་ཞབས་ཞུ་ཕུད། བློ་འདྲིའི་སྟེགས་བུའི་འགྲམ་དུ་གསེར་གྱི་སྐལ་བཟང་མེ་ཏོག་དངུལ་རྩའི་ཞབས་ཞུའི་རུ་ཁག་གིས་ད་དུང་སྙིང་ཉེ་བའི་སྒོ་ནས་གྲོང་མི་ཚོར་ཁྲག་ཤེད་ལ་ལྟ་བ་དང་།སྐྲ་བཞར་བ་སོགས་དམངས་ཕན་ཞབས་ཞུ་གྲ་སྒྲིག་བྱས་པར་གྲོང་མི་མང་ཚོགས་ཚོའི་དགའ་བསུ་ཐོབ་ཡོད། གྲོང་མི་ཚོས་ད་ཐེངས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད་ཚང་མས་དངུལ་རྩའི་ཤེས་བྱ་ཁོང་དུ་ཆུད་ཤུགས་ཆེ་རུ་ཕྱིན་ནས་འཚོ་བའི་ཁྲོད་ཉེན་ཁར་དེ་བས་ངོས་འཛིན་ཐུབ་པ་དང་ཉེན་ཁ་ལས་གཡོལ་ཐུབ་སྟེ་རང་ཉིད་ཀྱི་ཁེ་དབང་ཁག་སྲུང་སྐྱོང་ཐུབ་པས། དངུལ་རྩའི་ཞབས་ཞུས་དམངས་ལ་སྟབས་བདེ་དང་དེ་བས་དྲོ་སྐྱིད་སྦྱིན་པའི་དམིགས་ཡུལ་སྒྲུབ་ཐུབ་ཅེས་གཅིག་རྗེས་གཉིས་མཐུད་ངང་བཤད།

བོད་ལྗོངས་དངུལ་ཁང་སྤྱི་ཁྱབ་དངུལ་ཁང་ལས་གཉེར་པུའི་སྤྱི་ཁྱབ་ཅིང་ལི་བློ་བཟང་ཚེ་རིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཕྱིས་འབྱུང་བོད་ལྗོངས་དངུལ་ཁང་སྤྱི་ཁྱབ་དངུལ་ཁང་ལས་གཉེར་པུས་དངུལ་རྩའི་ཐོན་རྫས་དང་ཞབས་ཞུ་བྱེད་སྟངས་རྒྱུན་ཆད་མེད་པར་གསར་གཏོད་བྱས་ནས་གྲོང་མིར་དེ་བས་སྟབས་བདེ་དང་། ནུས་ཆེ། ཉེ་བཅར་བཅས་ཀྱི་དངུལ་རྩའི་ཞབས་ཞུ་བྱ་རྒྱུ་ཡིན་པ་རེད། དེ་དང་ཆབས་ཅིག་ད་དུང་འབྲེལ་ཡོད་སྡེ་ཚན་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ནང་དོན་ཕུན་སུམ་ཚོགས་པ་དང་རྣམ་པ་གསོན་ཉམས་དོད་པའི་དྲིལ་བསྒྲགས་རྣམ་པ་དེ་བས་མང་བ་འཚོལ་ཞིབ་བྱས་ཏེ།རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་མཐོའི་འཕེལ་རྒྱས་ཀྱི་ཆེད་དུ་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་པ་རེད།

(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

པར་འདི་ནི་གསེར་གྱི་སྐལ་བཟང་མེ་ཏོག་དངུལ་རྩའི་ཞབས་ཞུའི་རུ་ཁག་གི་རུ་མིས་གྲོང་མི་ཚོར་དངུལ་རྩའི་ལས་སྒོ་གཉེར་རིང་གི་རྒྱུན་མཐོང་གི་གནད་དོན་ཐད་འགྲེལ་བཤད་རྒྱག་བཞིན་པའི་རྣམ་པ་ཡིན།

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-27 དངུལ་རྩའི་དྲིལ་བསྒྲགས་སྤྱི་གླིང་དུ་སྤེལ་ནས་ཁེ་དབང་ལ་སྲུང་སྐྱོང་དང་ཉེན་ཁར་སྔོན་འགོག་བྱས་པ། 6 6 拉萨日报藏文 c191708.html 1 བོད་ལྗོངས་དངུལ་ཁང་སྤྱི་ཁྱབ་དངུལ་ཁང་ལས་གཉེར་པུའུ་ཡིས་དངུལ་རྩའི་ཞབས་ཞུའི་དྲིལ་བསྒྲཊ་བྱེད་སྒོ་སྤེལ་བ /enpproperty-->