ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་25ཉིན་གྲོང་ཁྱེར་སྲིད་གྲོས་ཀྱིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་ལྔ་པ་འཚོགས་པ་རེད།
གྲོང་སྤྱི་གཞོན་པ་ལུའུ་ཚུང་ཧྥུ་ཚོཊ་འདུར་ཞུཊ་ཤིང་། གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཟླ་བས་གཙོ་སྐྱོང་གནང་བ་རེད།
ཚོཊ་འདུའི་ཐོག ཡིག་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་ཚོགས་ཆུང་གི་འགོ་ཚུགས་མཛད་སྒོའི་ཐོག་གནང་བའི་གསུང་བཤད་གལ་ཆེན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་ཞིང་། གྲོང་ཁྱེར་ཡོངས་ཀྱི་2024ལོའི་དུས་ཚིགས་གོང་མ་གསུམ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་ཚུལ་སྐོར་གྱི་གྲོང་ཁྱེར་སྲིད་གཞུང་གི་བརྡ་ཁྱབ་དང་། གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་གྲོང་ཁྱེར་ཞིབ་དཔྱོད་ཁང་གི་2024ལོའི་དུས་ཚིགས་གོང་མ་གསུམ་གྱི་ལས་ཀའི་གནས་ཚུལ་སྐོར་གྱི་བརྡ་ཁྱབ་ལ་གསན་པ་དང་། འབྲེལ་ཡོད་མི་དོན་གྱི་དོན་དག་ལ་གྲོས་ཞིབ་དང་གྲོས་འཆམ་ཀྱང་གནང་ཡོད།
ཟླ་བས། ནུས་ཤུགས་ཡོད་རྒུས་ཏང་ཨུད་དང་སྲིད་གཞུང་དང་མི་དམངས་མང་ཚོགས་དབར་གྱི་ “སེམས་སྦྲེལ་ཟམ་པ”ཧུར་ཐག་བསྐྲུན་ནས་མཐོ་ས་ནས་གྲོང་ཁྱེར་ཡོངས་ཀྱི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་།“བཀྲག་མདངས་འཚེར་སར”དམིགས་ནས་འགན་སྒྲུབ་ནུས་པ་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་དང་ཨུ་ཡོན་ཚོས་གནས་ཚུལ་ཤེས་རྟོགས་དང་སྲིད་དོན་གསལ་རྟོགས་ཀྱི་ལས་སྟེགས་གཏོད་པའི་ཐབས་ལམ་རྒྱ་ཆེར་གཏོང་དགོས་པ། “དྲང་ནུས”གཅིག་ཏུ་བསྡུས་ནས“ཤེས་ལྡན་པའི་མཛོད”དང“བློ་འདོན་ཚོགས་པའི”ལེགས་ཆ་འདོན་སྤེལ་ཡག་པོ་བྱས་ཏེ།“གཞུང་གཅིག་དང་ཁང་གཉིས”ཀྱི་ལས་དོན་ཁག་ལ་མུ་མཐུད་ནས་སེམས་ཁུར་དང་རྒྱབ་སྐྱོར་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིའུ་ལེང་དང་ཧན་ཡུན་ཧྲོན་ཚོགས་འདུར་ཕེབས་ཡོད།
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社