分享按钮

མཆོག་ནོར་གྲངས་འཛིན་གྱིས།

སྲིད་གཞུང་དང་ཁེ་ལས་མཉམ་ལས་བྱས་ནས་དཔལ་འབྱོར་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་གྲོང་གིས“ཁེ་ལས་ལ་རོགས་རམ་བྱེད་པ་དང་ཁེ་ལས་ལ་ཕན་འདོགས་པ”ལ་དམིགས་ནས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་ཕྱིན་ཡོད། དེ་དང་ཆབས་ཅིག་སྲིད་གཞུང་དང་ཁེ་ལས་ཀྱི་སྙིང་གཏམ་ཤོད་རེས་ཚོགས་འདུ་མུ་མཐུད་དུ་འཚོགས་པ་དང་། ལྷ་ས་གྲོང་ཁྱེར་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་བཙུགས་ནས་ལོ་ངོ་30འཁོར་བའི་བཞུགས་མོལ་ཚོགས་འདུ་འཚོགས་ཏེ། སྲིད་གཞུང་དང་ཁེ་ལས་དབར“གཅིག་སེམས་གཅིག་སྦྲེལ་གྱི་ཟམ་པ”བཙུགས་པ་དང་། སྲིད་གཞུང་དང་ཁེ་ལས་ཀྱི་འབྲེལ་བ་གསར་པ་ནུས་ཤུགས་ཡོད་རྒུས་བཙུགས་པར་མ་ཟད། སྲིད་གཞུང་དང་ཁེ་ལས་ཀྱིས་མཉམ་དུ་འབད་བརྩོན་བྱས་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་འཕེལ་གང་ཐུབ་བྱས་ཏེ། དཔལ་འབྱོར་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད།

ཉེ་ཆར། བོད་ལྗོངས་མཆོག་ནོར་གྲངས་འཛིན་ཐོན་ལས་དོ་དམ་ཚད་ཡོད་ཀུང་སིའི་མཆོག་ནོར་རིག་ནུས་ཙིག་རྟགས་དངོས་སུ་འཚོང་འགོ་ཚུགས་ཤིང་།ཀུང་སིའི་ཏུང་ཧྲི་ཀྲང་བསྟན་འཛིན་ནོར་བུས་གསར་འགོད་པར་དེའི་ནུས་པ་གླེང་སྐབས། ཙིག་རྟགས་ཐོག་གི་སྒྲ་འཇུག་བྱེད་དེ་མནན་ན། བཤད་པའི་སྐད་ཆའི་ནང་དོན་ཚང་མ་འཆར་ངོས་སུ་བོད་ཡིག་གི་ལམ་ནས་འཆར་ཐུབ་པ་དང་། ལོ་ཙཱ་ཞེས་པའི་དཔེ་རིས་མནན་ན། བོད་ཡིག་རྣམས་རྒྱ་ཡིག་ཏུ་བསྒྱུར་ཐུབ། གཞན་ཡང་། ཙིག་རྟཊ་དེར་པར་རིས་ཡིག་སྒྱུར་དང་སྐད་གདངས་ཡིག་སྒྱུར་སོཊ་ཀྱི་ནུས་པ་ལྡན་ཡོད་ཅེས་བཤད།

ཙིག་རྟགས་དེ་ནི་ཀུང་སི་དེའི་གྲངས་འཛིན་ཐོན་རྫས་མང་པོའི་གྲས་ཤིག་ཡིན། ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་རྒྱུན་ཆད་མེད་པར་རྒྱ་ཆེ་རུ་ཕྱིན་པ་དང་བསྟུན་ནས་ལས་སྒོའི་མ་ལག་གི་རིམ་སྤོར་སྒྱུར་བཀོད་དེ་གྲངས་འཛིན་ཁེ་ལས་འཕེལ་རྒྱས་སུ་གཏོང་བའི་ལྡོག་མེད་ཀྱི་ཁ་ཕྱོགས་སུ་གྱུར་ཡོད་ལ། མཆོག་ནོར་གྲངས་འཛིན་ཁེ་ལས་ཀྱིས་ཀྱང་ལག་རྩལ་གྱི་རིམ་པ་སྤོར་བ་དང་། ཐོན་ཁུངས་ལེགས་སུ་གཏོང་བ། མ་དངུལ་གཏོང་བ། ཤེས་ལྡན་པ་གསོ་སྦྱོང་བྱེད་པ་སོགས་ཕྱོགས་མང་པོར་འབད་བརྩོན་བྱས་ཡོད། མིག་སྔའི་བར་ཀུང་སིས་གསར་དུ་སྤེལ་བའི་བོད་ཡིག་ཆ་འཕྲིན་གྲངས་འཛིན་ཅན་དང་། རིག་ནུས་ཅན། དེ་བཞིན་སྐད་ཆའི་མཛོད་སོགས་ཚང་མ་ཁེ་ལས་རང་ཉིད་ཀྱིས་ལེགས་གྲུབ་བྱས་པ་ཞིག་རེད།

བསྟན་འཛིན་ནོར་བུས། ང་ཚོས་འདས་ཟིན་པའི་ལོ་བཞིའི་ནང་། ཞིབ་འཇུག་གསར་སྤེལ་དང་གྲངས་འཛིན་ཅན་གྱི་འཛུགས་སྐྲུན་ཁོ་ནར་མ་དངུལ་སྒོར་ཁྲི་800ལྷག་ཙམ་བཏང་ཡོད། མིག་སྔར་ཁྲོམ་རར་བཏོན་ཟིན་པ་དང་ཁྲོམ་རར་འདོན་གྲབས་ཡོད་པའི་རིག་ནུས་ཐོན་རྫས་ལ་རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་1000ལྷག་ཙམ་བཏང་ཡོད། ང་ཚོས་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭའི་རིག་གནས་ལ་གདེང་ཚོད་ཆེན་པོ་འཆང་བཞིན་ཡོད་ལ། བོད་ཡིག་ལ་དམིགས་པའི་ཆ་འཕྲིན་ཅན་དང་གྲངས་རིག་ཅན་གྱི་འཛུགས་སྐྲུན་ལ་མུ་མཐུད་ནས་འབད་བརྩོན་བྱེད་བཞིན་ཡོད་ཅེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། མཆོག་ནོར་གྲངས་འཛིན་2016ལོར་དབུ་བརྙེས་པ་ནས་བཟུང་། བོད་ཀྱི་གྲངས་འཛིན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་གཞོལ་ནས་མ་ལག་འདུས་གྲུབ་དང་། མཉེན་ཆས་དང་མཁྲེགས་ཆས་འཛུགས་སྐྲུན། གྲངས་འཛིན་རིག་གནས་ཡུལ་སྐོར། དེ་བཞིན་གྲངས་འཛིན་རིག་ནུས་ཐོན་རྫས་གསར་སྤེལ་སོགས་ཁྱབ་ཁོངས་མང་པོར་འཐུས་སྒོ་ཚང་བའི་ལས་སྒོ་བཏོད་ཡོད།

བསྟན་འཛིན་ནོར་བུས། གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་བཙུགས་ནས་ལོ་ངོ་30འཁོར་བར་ཕྱིར་དྲན་བྱེད་སྐབས་ལྷ་སར་དམངས་གཉེར་དཔལ་འབྱོར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དེ་ནི་ཏང་དང་སྲིད་གཞུང་གི་རྒྱབ་སྐྱོར་དང་ཐུགས་ཁུར་དང་ཁ་འབྲལ་ཐབས་མེད་པ་ང་ལ་མྱོང་ཚོར་ཟབ་མོ་བྱུང་ལ། སྲིད་གཞུང་གིས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་སོགས་ཐད་འབད་བརྩོན་ཆེན་པོ་བྱས་པའི་མྱོང་ཚོར་ཡང་ཟབ་མོ་བྱུང་། སྲིད་གཞུང་གིས་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་། མ་དངུལ་གྱི་རོགས་སྐྱོར། དེ་བཞིན་ཁྲལ་བསྡུའི་གཟིགས་སྐྱོང་སོགས་ཀྱི་བྱ་ཐབས་སྤྱད་ནས་ང་ཚོར་འཕེལ་རྒྱས་ཀྱི་བར་མཐོངས་ཆེན་པོ་དང་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་མཁོ་འདོན་བྱས་བྱུང་ཞེས་བཤད།

མཆོག་ནོར་གྲངས་འཛིན་གྱིས་རང་ཉིད་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་བ་དང་ཆབས་ཅིག་སྔོན་ཐོན་གྱི་ཚོང་པ་དང་། སློབ་ཆེན། ལས་རིགས་མཐུན་ཚོགས། ཚན་ཞིབ་ཚན་པ་བཅས་དང་མཉམ་ལས་ཧུར་ཐག་བྱས་པར་མ་ཟད། 2024ལོའི་གོ་ལ་ཧྲིལ་པོའི་གྲངས་འཛིན་དཔལ་འབྱོར་གྱི་མཐོ་རིམ་གླེང་སྟེགས་ཀྱི་གཙོ་དོན་གཏམ་བཤད་དང་། གོ་ལ་ཧྲིལ་པོའི་གྲངས་འཛིན་ཚོང་དོན་དངོས་མང་སྟོན་ཚོགས་སྐབས་གསུམ་པ། རྒྱལ་སྤྱིའི་གྲངས་འཛིན་ཚོང་དོན་ཚོགས་འདུ་ཐེངས་དང་པོ་བཅས་ལ་ཞུགས་ཏེ། ཡུལ་ཁོངས་གྲངས་འཛིན་ཐོན་ལས་དར་རྒྱས་གོང་འཕེལ་དུ་འགྲོ་རྒྱུར་ཡང་སྐུལ་འདེད་བཏང་ཡོད།

བསྟན་འཛིན་ནོར་བུས། མ་འོངས་པར་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ང་ཚོས་གྲངས་འཛིན་དང་། ཆ་འཕྲིན། ལྷག་པར་དུ་མི་རིགས་ཀྱི་སྐད་ཡིག་དང་། གྲངས་གཞིའི་མཛོད་འཛུགས་སྐྲུན། གྲངས་འཛིན་རིག་གནས་ཡུལ་སྐོར་གཉེར་སྐྱོང་སོགས་ཀྱི་ཐད་ལེགས་ཆ་འདོན་སྤེལ་བྱས་ནས་གྲངས་འཛིན་ལྷ་ས་དང་གྲངས་འཛིན་བོད་ལྗོངས་འཛུགས་སྐྲུན་ལ་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན་ཞེས་བཤད།

(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-27 མཆོག་ནོར་གྲངས་འཛིན་གྱིས། 6 6 拉萨日报藏文 c191703.html 1 སྲིད་གཞུང་དང་ཁེ་ལས་མཉམ་ལས་བྱས་ནས་དཔལ་འབྱོར་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་བ། /enpproperty-->