分享按钮

ཝང་ཆང་གིས་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས་48པ་གཙོ་སྐྱོང་གནང་ནས་འཚོགས་པ།

2024ལོའི་ཚུན་དུ་འདུམ་འགྲིག་མ་བྱུང་བའི་འགྱངས་ཆད་གཉིས་ཀྱི་ཡིག་བསྐུར་ངོ་བཅར་ལས་དོན་སྤེལ་ཚུལ་ལ་གསན་པ་དང་གནམ་མཚོའི་མཛེས་ལྗོངས་ཁུལ་དེ་རྒྱལ་ཁབ་ཀྱི་5Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་གཏོད་པ་སོགས་ཀྱི་ལས་དོན་ལ་ཞིབ་འཇུག་གནང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་25ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་གིས་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས་48པ་གཙོ་སྐྱོང་གནང་ནས་འཚོགས་ཏེ། 《ལས་ཞུགས་དམིགས་སུ་བཀར་བའི་འཐབ་ཇུས་ལག་བསྟར་བྱས་ནས་སྤུས་ཚད་མཐོ་བའི་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ལ་སློབ་སྦྱོང་བྱས་པ་དང་། 2024ལོའི་ཚུན་དུ་འདུམ་འགྲིག་མ་བྱུང་བའི་འགྱངས་ཆད་གཉིས་ཀྱི་ཡིག་བསྐུར་ངོ་བཅར་ལས་དོན་སྤེལ་ཚུལ་ལ་གསན་པ། གནམ་མཚོའི་མཛེས་ལྗོངས་ཁུལ་དེ་རྒྱལ་ཁབ་ཀྱི་5Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་གཏོད་པའི་ལས་དོན་ལ་ཞིབ་འཇུག་གནང་བ། མཚན་མོའི་དཔལ་འབྱོར་གྱི་དཔེ་སྟོན་ཁུལ་དང་དཔེ་སྟོན་ས་ཚིགས་ཀྱི་ལས་ཀའི་ཇུས་གཞི་གཏན་འཁེལ་གནང་བ་རེད།

ཚོགས་འདུའི་ཐོག ལས་ཞུགས་ནི་ཧ་ཅང་རྒྱ་ཆེ་བའི་དམངས་འཚོའི་འདུ་འགོད་དང་། དམངས་སེམས་ཀྱི་འདུ་འགོད། རྨང་གཞིའི་འདུ་འགོད་ཅིག་ཡིན་པ་དང་། སྤྱི་ཚོགས་བརྟན་ལྷིང་གི་འགན་ལེན་གལ་ཆེན་ཞིག་ཡིན་པས་ངེས་པར་དུ་དམ་འཛིན་ནན་པོ་དང་དམ་འཛིན་ཏན་ཏིག་བྱེད་དགོས་ཤིང་། ལས་ཞུགས་སྔོན་དུ་འཇོག་པའི་འཐབ་ཇུས་ལག་ལེན་དུ་བསྟར་ནས་ལྷོ་བྱང་རི་བོའི་སྔོ་འགྱུར་སོགས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་རྒྱུར་སྒྲིག་འཛུགས་བྱེད་པ་དང་། ལས་ཐོག་གསོ་སྦྱོང་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ། ལས་ཞུགས་ཀྱི་སྤུས་ཚད་སྔར་བས་མཐོ་རུ་གཏོང་བ་དང་། ལྷག་མ་རྣམས་གཞན་དུ་སྒྱུར་བ། ལས་ཞུགས་རྒྱ་ཆེ་རུ་གཏོང་བ་བཅས་བྱེད་དགོས་པ་དང་། སྤུས་ཚད་མཐོན་པོས་ལས་ཞུགས་གང་ལེགས་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་པ་རེད།

ཚོགས་འདུའི་ཐོག “འགྱངས་ཆད་གཉིས”ཀྱི་ཡིག་བསྐུར་ངོ་བཅར་ལས་དོན་ནི་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་སྤྱི་ཚོགས་ཞི་མཐུན་དང་བརྟན་ལྷིང་ལ་འབྲེལ་བ་ཡོད་པས། འགན་འཁྲི་འཁུར་སེམས་ཆེ་རུ་བཏང་སྟེ། རིམ་པ་ཁག་སྡེ་ཚན་ཁག་གི་འགོ་ཁྲིད་གཙོ་བོས་དམ་འཛིན་དང་སྐུལ་འདེད་བཏང་ནས།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-27 2024ལོའི་ཚུན་དུ་འདུམ་འགྲིག་མ་བྱུང་བའི་འགྱངས་ཆད་གཉིས་ཀྱི་ཡིག་བསྐུར་ངོ་བཅར་ལས་དོན་སྤེལ་ཚུལ་ལ་གསན་པ་དང་གནམ་མཚོའི་མཛེས་ལྗོངས་ཁུལ་དེ་རྒྱལ་ཁབ་ཀྱི་5Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་གཏོད་པ་སོགས་ཀྱི་ལས་དོན་ལ་ཞིབ་འཇུག་གནང་བ། 6 6 拉萨日报藏文 c191697.html 1 ཝང་ཆང་གིས་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས་48པ་གཙོ་སྐྱོང་གནང་ནས་འཚོགས་པ། /enpproperty-->