ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་25ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲའོ་ཧུའེ་ཉན་ལྷ་སའི་མཐོ་གསར་ཁུལ་དུ་བསྐྱོད་དེ་ངོ་བཅར་ཡོང་མཁན་ལ་སྣེ་ལེན་ཞུ་བའི་ལས་དོན་སྤེལ་ནས་ཡིག་བསྐུར་ངོ་བཅར་གྱི་གནད་དོན་གཙོ་བོ་ཡུལ་དངོས་སུ་ཐག་བཅད་བྱས་པ་རེད། གྲོང་ཨུད་སྤྱོད་ཚུལ་གཞུང་ལས་ཁང་དང་། གྲོང་ཨུད་སྤྱི་ཚོགས་ལས་དོན་པུའུ། གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་། གྲོང་ཁྱེར་ཞིབ་དཔྱོད་ཁང་། གྲོང་ཁྱེར་སྤྱི་བདེ་ཅུས། གྲོང་ཁྱེར་ཁྲིམས་འཛིན་ཅུས་བཅས་དང་དེ་བཞིན་ལྷ་སའི་མཐོ་གསར་ཁུལ་དང་། སྟོད་ལུང་བདེ་ཆེན་ཆུས་ཀྱི་འབྲེལ་ཡོད་ཚན་པ་དང་ཁེ་ལས་ཀྱི་འགན་འཁུར་བས་ཡིག་བསྐུར་ངོ་བཅར་གྱི་དོ་བདག་ལ་མཉམ་དུ་སྣེ་ལེན་ཞུས་པ་རེད།
ད་ཐེངས་ཀྱི་ངོ་བཅར་སྣེ་ལེན་གྱི་ལས་དོན་དེ་གཅིག་སྡུད་ཐོག་ངོ་བཅར་བྱེད་མཁན་ལ་ཁ་ཆད་བྱེད་པའི་བྱེད་ཐབས་བརྒྱུད་ནས་སྤེལ་ཡོད། ངོ་བཅར་སྣེ་ལེན་བྱེད་རིང་། ཀྲའོ་ཧུའེ་ཉན་གྱིས་ཡིག་བསྐུར་ངོ་བཅར་བྱེད་མཁན་ཚང་མའི་རེ་ཞུར་ནན་ཏན་ངང་གསན་པ་དང་། མང་ཚོགས་ཀྱིས་གླེང་མང་བའི་གནད་དོན་ཏེ་ལས་གྲྭའི་དངུལ་ཆད་འགྱངས་བྱེད་པ་དང་གན་རྒྱའི་རྩོད་གཞི་སོགས་ཀྱི་གནད་དོན་ལ་དམིགས་ཏེ། གནད་དོན་འབྱུང་ལུགས་འབྱུང་སྟངས་དང་ཐག་གཅོད་བྱས་ཚུལ་ཐད་མཁྱེན་རྟོགས་ཞིབ་ཕྲ་གནང་བར་མ་ཟད།
(པར་ངོས་གཉིས་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社