分享按钮

གྲོང་ཁྱེར་འཕེལ་རྒྱས་ཀྱི་བརྗིད་ཆེའི་རོལ་དབྱངས་དཀྲོལ་བ།

གྲོང་ཁྱེར་ཡོངས་ཀྱི་གཙོ་གནད་རྣམ་གྲངས་56གི་འཕེལ་རིམ་བདེ་བླག་བྱུང་ནས་ལོ་འཁོར་གྱི་མ་འཇོག་འཆར་གཞིའི་ལས་འགན་གྱི་བརྒྱ་ཆ་91ལེགས་གྲུབ་བྱུང་བ།

གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གྱིས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པ་དང་། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་ཚོགས་ཀྱི་སྤྱི་པའི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད། གྲོང་ཁྱེར་འཕེལ་རྒྱས་ཀྱི་བརྗིད་ཆེའི་རོལ་དབྱངས་དཀྲོལ་བའི་ཁྲོད་གཙོ་གནད་རྣམ་གྲངས་ནི་ངར་ཤུགས་ཆེ་ཤོས་ཀྱི་འགྱུར་ཁུག་ཅིག་ཡིན་པ་སྨོས་མེད་རེད། འདི་ལོ་ནས་བཟུང་ལྷ་ས་གྲོང་ཁྱེར་གྱི་གོང་འོག་ཚང་མས་རྣམ་གྲངས་གཙོ་བོར་བྱེད་པའི་འདུ་ཤེས་བརྟན་པོར་བཙུགས་ཏེ་རང་འགུལ་ངང་རྣམ་གྲངས་ལ་དམིགས་པ་དང་རྣམ་གྲངས་ལ་དམིགས་ནས་ལས་དོན་སྒྲུབ་པ།ཕྱར་བ་གྲུ་འདེགས་ཀྱིས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཡོད།གྲངས་གཞི་ལས་མངོན་པར།འདི་ལོའི་ཟླ་དང་པོ་ནས་བཅུ་པའི་བར་ལྷ་ས་གྲོང་ཁྱེར་གྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་དུས་མཚུངས་ལས་བརྒྱ་ཆ་21.1འཕར་ནས་དུས་མཚམས་རང་བཞིན་གྱི་དམིགས་ཚད་ལས་འགན་ཚད་བརྒལ་ངང་ལེགས་གྲུབ་བྱུང་ཡོད། གྲོང་ཁྱེར་ཡོངས་ཀྱི་གཙོ་གནད་རྣམ་གྲངས་56གི་འཕེལ་རིམ་བདེ་བླག་ཡོད་པ་དང་མིག་སྔའི་བར་མ་འཇོག་སྒོར་དུང་ཕྱུར་147བྱས་པ་དང་ལོ་འཁོར་གྱི་མ་འཇོག་འཆར་གཞིའི་ལས་འགན་གྱི་བརྒྱ་ཆ་91ལེགས་གྲུབ་བྱུང་ཡོད།

ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་དང་པོའི(དུས་ཐེངས་གཉིས་པ)རྣམ་གྲངས་དེ་ཆུ་ཤུར་རྫོང་ཚལ་སྣེ་ཤང་དུ་གནས་ཤིང་། ཨར་ལས་བྱ་ཡུལ་དུ་སྐྱོད་སྐབས་ཐོག་བརྩེགས་ཁང་ཆེན་རེ་རེ་བཞིན་འགྱིངས་ངེར་གནས་ཤིང་། མཐོ་ཞིང་རིང་བའི་ལྗིད་འདེགས་འཕྲུལ་འཁོར་ཕར་སྐོར་ཚུར་སྐོར་བྱེད་བཞིན་དུ་འཛུགས་སྐྲུན་གྱི་རྒྱུ་ཆ་གནད་ལ་འཁེལ་པོས་དབོར་བཞིན་འདུག མགོ་ལ་བདེ་འཇགས་ཞྭ་མོ་གྱོན་པའི་བཟོ་པ་ཚོས་རང་ཉིད་ཀྱི་ལས་གནས་ཐོག་བྲེལ་འཚུབ་ངང་ལས་ལ་བྲེལ་བཞིན་དུ་ཕྱིའི་གྱང་ངོས་སུ་དྲོད་སྲུང་པང་ལེབ་སྦྱར་བའམ་ཡང་ན་ལྕགས་རྩིབས་སྡོམ་པ་དང་། རྒྱལ་སྒོའི་རུ་གཞི་བརྩེགས་པ་བཅས་ཀྱི་རྣམ་གྲངས་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།

ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་དང་པོའི་རྣམ་གྲངས་གཞུང་ལས་ཁང་གི་འགན་འཁུར་བ་ཕུན་ཚོགས་ནོར་བུས།རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར་5.07བཏང་བ་དང་།སྤྱིའི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་ངོས་གྲུ་མ་ཁྲི་10.8ཟིན་ཡོད།འཛུགས་སྐྲུན་ནང་སྨན་བཅོས་ལག་རྩལ་དང་སྤྱི་པའི་རྨང་གཞིའི་སློབ་ཁྲིད་ཐོག་ཁང་3དང་། དངོས་སྦྱོང་ཐོག་ཁང་3 གསོ་སྦྱོང་ཐོག་ཁང་1བཅས་དང་།དེ་བཞིན་ཟ་ཁང་དང་།ལས་བཟོ་བའི་ཉལ་ཁང་།སློབ་མའི་ཉལ་ཁང་།ཐོག་ཡོད་ལུས་རྩལ་ཁང་།ལུས་རྩལ་ཐང་།ལེ་ལག་ཚང་བའི་ཞོར་གཏོགས་ལས་གྲྭ་བཅས་ཚུད་ཡོད།རྣམ་གྲངས་དེ་འདི་ལོའི་ཟླ་གསུམ་པར་ལས་འགོ་ཚུགས་པ་དང་སྔོན་དཔག་བྱས་ན་2025ལོའི་ཟླ་12པར་ལས་མཇུག་འགྲིལ་རྒྱུ་རེད་ཅེས་ངོ་སྤྲོད་བྱས་བྱུང་།

རྣམ་གྲངས་དེ་དག་ཁག་5ལ་དབྱེ་ནས་སྤེལ་ཡོད་ཅིང་།ཁག་དང་པོ་ནི་དགེ་རྒན་གྱི་ལས་ཤག་སྟར་པ་6བསྐྲུན་རྒྱུ་ཡིན་པ་དང་།མིག་སྔར་ལས་གྲྭ་སྤྱིའི་བརྒྱ་ཆ་80ལེགས་གྲུབ་ཟིན་པ་དང་།ཁག་གཉིས་པ་ནི་བུ་དང་བུ་མོའི་ཉལ་ཁང་འཛུགས་སྐྲུན་བྱ་རྒྱུ་ཡིན་ཞིང་།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-27 གྲོང་ཁྱེར་ཡོངས་ཀྱི་གཙོ་གནད་རྣམ་གྲངས་56གི་འཕེལ་རིམ་བདེ་བླག་བྱུང་ནས་ལོ་འཁོར་གྱི་མ་འཇོག་འཆར་གཞིའི་ལས་འགན་གྱི་བརྒྱ་ཆ་91ལེགས་གྲུབ་བྱུང་བ། 6 6 拉萨日报藏文 c191698.html 1 གྲོང་ཁྱེར་འཕེལ་རྒྱས་ཀྱི་བརྗིད་ཆེའི་རོལ་དབྱངས་དཀྲོལ་བ། /enpproperty-->