分享按钮

སྙེ་མོ་རྫོང་གི་གྲུ་གཏོང་བའི་རྣམ་གྲངས་ ཕྱི་ཕྱོཊ་སུ་སྒོ་མོ་འབྱེད་རྒྱུ་ཡིན་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།2017ལོར་སྐབས་དང་པོའི་ཀྲུང་ནེའི་གྲུ་གཏོང་བའི་མཛའ་གྲོགས་འགྲན་བསྡུར་ཡར་ཀླུང་གཙང་པོའི་སྙེ་མོའི་རྒྱུད་དུ་གཉེར་བ་རེད། ལོ་བདུན་གྱི་རྗེས་སུ་རང་གྲོང་གིས་བློ་རྩེ་གཅིག་སྒྲིམ་ངང་བཏོད་པའི་སྙེ་མོ་རྫོང་གི་གྲུ་གཏོང་བའི་ཉམས་ལེན་རྣམ་གྲངས་དེ་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱུ་རེད།

རང་ལྗོངས་ལ་ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག་ཅེས་བརྗོད་ཀྱི་ཡོད་པ་དང་དེའི་ནང་འདུས་པའི་ཆུའི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པ་དང་རྒྱུག་ཚད་ཧེ་བག་ཧ་ཅང་ཆེན་པོ་ཡོད། བོད་ལྗོངས་ཀྱི་མངའ་ཁོངས་ཡོངས་སུ་ཁྱབ་པའི་ཡར་ཀླུང་གཙང་པོར་ལྟ་ན་སྡུག་པའི་གངས་རིའི་ཡུལ་ལྗོངས་ཡོད་ལ། མྱོང་རོལ་རང་བཞིན་དང་འགྲན་སློང་རང་བཞིན་གཉིས་ཀ་ལྡན་པའི་ཆུ་ཁོངས་ཀྱང་ཡོད། སྙེ་མོ་རྫོང་གིས་ཐོན་ཁུངས་ཀྱི་ལེགས་ཆ་དེ་གང་ལེགས་སྤྱད་ནས་རྫོང་ཁོངས་སུ་གྲུ་གཏོང་བའི་ཉམས་ལེན་རྣམ་གྲངས་ལག་ལེན་བསྟར་འགོ་ཚུགས་པ་རེད།

(པར་ངོས་བཞི་པར་གཟིགས)

པར་འདི་ནི་གཙང་པོའི་ཁར་གྲུ་གཏོང་བཞིན་པའི་རྣམ་པ་ཡིན།

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-27 6 6 拉萨日报藏文 c191695.html 1 སྙེ་མོ་རྫོང་གི་གྲུ་གཏོང་བའི་རྣམ་གྲངས་ ཕྱི་ཕྱོཊ་སུ་སྒོ་མོ་འབྱེད་རྒྱུ་ཡིན་པ། /enpproperty-->