分享按钮

གདོང་དཀར་ཞིང་ཞོར་ཐོན་རྫས་སྡེབ་ཚོང་ཁྲོམ་རས་རིན་གོང་བརྟན་ལ་སྤུས་ཚད་ལེགས་པའི་སྒོ་ནས་གྲོང་མིའི“ཤ་ཚལ་སྒོང་གསུམ”ལ་འགན་ལེན་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། གནམ་གཤིས་རིམ་བཞིན་གྲང་དུ་སོང་བ་དང་ཆབས་ཅིག་ལྷ་ས་གདོང་དཀར་ཞིང་ཞོར་ཐོན་རྫས་སྡེབ་ཚོང་ཁྲོམ་རས་སྔ་སྣུར་དུ་ཇུས་འགོད་དང་ཟོག་ཁུངས་སྒྲིག་འཛུགས་ཧུར་ཐག་བྱས་ཏེ། དགུན་ཁའི་སྔོ་ཚལ་ཉོ་སྒྲུབ་དང་གསོག་འཇོག་བྱེད་ཤུགས་ཆེ་རུ་བཏང་བ་དང་། མཁོ་སྤྲོད་འགན་ལེན་དང་དམངས་ཕན་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཏེ། གྲོང་མི་མང་ཚོགས་ཚོའི་ཤ་ཚལ་སྒོང་གསུམ་གྱི་དགོས་མཁོར་འགན་ལེན་བྱས་ཐོག དགུན་དུས་སུའང་སོས་པ་དང་བདེ་འཇགས་ཀྱི་ཞིང་ཞོར་ཐོན་རྫས་ལོངས་སུ་སྤྱོད་ཐུབ་པར་བྱས་ཡོད།

ལྷ་ས་གདོང་དཀར་ཞིང་ཞོར་ཐོན་རྫས་སྡེབ་ཚོང་ཁྲོམ་ར་དེ་སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་ཁྲོམ་གཞུང་བཟང་མོ་སྡེ་ཁུལ་དུ་གནས་པ་དང་། དེ་ནི་མིག་སྔར་ལྗོངས་ཡོངས་ཀྱི་ལས་རྣམ་ཆ་ཚང་ཤོས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་ཞིང་ཞོར་ཐོན་རྫས་སྡེབ་ཚོང་ཁྲོམ་ར་ཞིག་ཡིན། ཁྲོམ་རའི་རྒྱ་ཁྱོན་ལ་མུའུ་180ཙམ་ཡོད་པ་དང་། ཁྱོན་མ་དངུལ་སྒོར་དུང་ཕྱུར་6ཙམ་བཏང་ཡོད།

(པར་ངོས་བཞི་པར་གཟིགས)པར་འདི་ནི་གྲོང་མི་ཚོས་གདོང་དཀར་ཞིང་ཞོར་ཐོན་རྫས་སྡེབ་ཚོང་ཁྲོམ་ར་ནས་སྔོ་ཚལ་ཉོ་བཞིན་པའི་རྣམ་པ་ཡིན།

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-27 6 6 拉萨日报藏文 c191694.html 1 གདོང་དཀར་ཞིང་ཞོར་ཐོན་རྫས་སྡེབ་ཚོང་ཁྲོམ་རས་རིན་གོང་བརྟན་ལ་སྤུས་ཚད་ལེགས་པའི་སྒོ་ནས་གྲོང་མིའི“ཤ་ཚལ་སྒོང་གསུམ”ལ་འགན་ལེན་བྱས་པ། /enpproperty-->