分享按钮

ཤའོ་ཡིའུ་ཚའེ་ཡིས་བར་སྐོར་གནའ་གྲོང་དུ་བརྟག་ཞིབ་གནང་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་ལ་བར་སྐོར་གནའ་གྲོང་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་དང་ལས་བཟོ་བའི་ཁྲོད་ཚུར་སྣང་ལན་ཆ་བཟང་པོ་བྱུང་བ།

(པར་ངོས་དང་པོར་མཐུད)

ད་ལོའི་ཚུན། བར་སྐོར་གནའ་གྲོང་དོ་དམ་ཨུ་ལྷན་གྱིས་བར་སྐོར་གནའ་གྲོང་གི་སྲུང་སྐྱོང་དོ་དམ་གྱི་འགན་འཁྲི་ཧུར་ཐག་སྒྲུབ་པ་དང་། ལྗོངས་དང་གྲོང་ཁྱེར་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་གྲུབ་འབྲས་སྲ་བརྟན་དང་མཐོ་རུ་གཏོང་བ། ས་ཁོངས་ཧྲིལ་པོའི་ཡུལ་སྐོར་གྱི་གལ་ཆེ་མཉམ་འཛིན་བྱེད་པ་ལྔའི་བླང་བྱ་ལག་ལེན་ཧུར་ཐག་བསྟར་བ་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་བར་སྐོར་གནའ་གྲོང་གི་བྱ་གཞག་ཁག་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད།

བར་སྐོར་གནའ་གྲོང་དོ་དམ་ཨུ་ལྷན་གྱི་གྲོང་དོན་གྲོང་རྣམ་འཆར་འགོད་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཤའོ་ཡིའུ་མིང་གིས་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡི་གསུང་བཤད་གལ་ཆེན་གྱིས་གནའ་གྲོང་གི་འཕེལ་རྒྱས་ཁག་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་དུང་བརྡ་བཏང་ཡོད། སླད་ཕྱིན་གྱི་ལས་དོན་ཁྲོད་ང་ཚོས་སེམས་རྣལ་དུ་ཕབ་པ་དང་། ལས་ལ་བརྩོན་པ། གོམ་པ་བརྟན་པོར་སྤོ་བ། དཔུང་པ་མཉམ་གཤིབ་བཅས་བྱས་ཏེ་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡི་གསུང་བཤད་ཀྱི་དགོངས་དོན་ལ་ནན་པོར་གཞིགས་ནས་སེམས་ནུས་ཡོད་རྒུས་ལས་དོན་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ་གྲོང་ཨུད་དང་། གྲོང་ཁྱེར་སྲིད་གཞུང་། རྒྱ་ཆེའི་མང་ཚོགས། ཡུལ་སྐོར་བ་བཅས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།

བར་སྐོར་གནའ་གྲོང་དོ་དམ་ཨུ་ལྷན་གྱི་རིག་གནས་ཡུལ་སྐོར་ཁོའོ་ཡི་ཁོའོ་ཀྲང་ཚེ་རིང་བདེ་སྐྱིད་ཀྱིས་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་བརྟག་ཞིབ་དང་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་ལ་བརྟེན་ནས་བར་སྐོར་གནའ་གྲོང་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་དང་ལས་བཟོ་བའི་ངར་ཤུགས་ལ་སྐུལ་མ་ཆེན་པོ་ཐེབས་པར་མ་ཟད། ཚང་མའི་ལས་སྒྲུབ་ལས་གཏོད་ཀྱི་སྤྲོ་སེམས་ཀྱང་འཕེལ་ཡོད། ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་བརྟག་ཞིབ་གནང་སྐབས་ལོ་རྒྱུས་ལ་འགན་འཁུར་བ་དང་། གནའ་གྲོང་ལ་འགན་འཁུར་བ། མི་དམངས་ལ་འགན་འཁུར་བ་བཅས་བྱེད་དགོས་ཞེས་གསུངས་ཤིང་། ཚང་མས་གཅིག་རྗེས་གཉིས་མཐུད་ངང་དེ་ནི་གྲོང་ཨུད་ཀྱི་རེ་བ་ཟབ་མོ་ཞིག་དང་མི་དམངས་མང་ཚོགས་ཀྱི་རེ་སྒུག་ཆེན་པོ་ཞིག་ཀྱང་ཡིན། མ་ཟད་དུས་རབས་ཀྱིས་གནའ་གྲོང་གི་ལས་པ་བྱེད་དང་ལས་བཟོ་བར་སྤྲད་པའི་གཟི་བརྗིད་ལྡན་པའི་ལས་འགན་ཞིག་ཀྱང་ཡིན། སླད་ཕྱིན་ངས་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡི་གསུང་བཤད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་རིག་གནས་ལ་བརྟེན་ནས་ཡུལ་སྐོར་གྱི་རྣམ་པ་གཏོད་པ་དང་ཡུལ་སྐོར་ལ་བརྟེན་ནས་རིག་གནས་སྤེལ་རེས་བྱས་ཏེ་བར་སྐོར་གནའ་གྲོང་དེ་འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་གལ་ཆེན་ཞིག་ཏུ་གཏོད་ཆེད་འབད་འཐབ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

བར་སྐོར་གནའ་གྲོང་ནི་ལྷ་ས་གྲོང་ཁྱེར་གྱི་འབྱུང་གནས་ཡིན་པ་དང་། ལོ་རྒྱུས་ཡུན་རིང་ལྡན་ལ་རྒྱལ་ཁབ་ཕྱི་ནང་དུ་སྐད་གྲགས་ཆོད་ཡོད། སླད་ཕྱིན་བར་སྐོར་གནའ་གྲོང་དོ་དམ་ཨུ་ལྷན་གྱིས་བར་སྐོར་གནའ་གྲོང་གི་མཚན་སྙན་གསར་པ་མུ་མཐུད་གཏོད་པ་དང་།གྲོང་ཁྱེར་དོ་དམ་གྱི་ལས་དོན་སྔར་བས་ཡག་པོ་སྒྲུབ་པ།སྤུས་ཚད་མཐོར་གཏོང་དང་ཕན་ནུས་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ།དོ་དམ་ནན་པོ་ཁུལ་དང་། དཔེ་སྟོན་ཁུལ། སྤུས་དག་ཁུལ་བཅས་ནུས་ཤུགས་ཡོད་རྒུས་གཏོད་པ་བཅས་ཀྱིས་མང་ཚོགས་དེ་བས་སྐྱིད་སྣང་དོད་པ་དང་ཡུལ་སྐོར་བའི་སེམས་པ་དེ་བས་སྐྱིད་པ་ཡོང་བར་བྱ་རྒྱུ་རེད།(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-26 6 6 拉萨日报藏文 c191687.html 1 ཤའོ་ཡིའུ་ཚའེ་ཡིས་བར་སྐོར་གནའ་གྲོང་དུ་བརྟག་ཞིབ་གནང་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་ལ་བར་སྐོར་གནའ་གྲོང་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་དང་ལས་བཟོ་བའི་ཁྲོད་ཚུར་སྣང་ལན་ཆ་བཟང་པོ་བྱུང་བ། /enpproperty-->