(པར་ངོས་དང་པོར་མཐུད)གྲོང་ཨུད་གྲོང་ཁྱེར་དོ་དམ་ཨུ་ཡོན་ལྷན་ཁང་གིས་བཀོད་སྒྲིག་བྱས་པའི་དོན་ཚན་ཁག་དོན་འཁྱོལ་བྱ་རྒྱུའི་བཀོད་གཏོང་བྱས་པ་རེད།
ཀྲའོ་ཧུའེ་ཉན་གྱིས་གཅིག་ནས་འགན་འཁྲི་དང་ལས་འགན་ལ་སླར་ཡང་ཤུགས་སྣོན་ཏན་ཏིག་རྒྱག་དགོས།སྡེ་ཚན་ཁག་གིས་འགན་འཁྲི་འཁུར་ཤུགས་སྔར་བས་ཆེ་རུ་བཏང་སྟེ།བཅོས་སྒྲིག་གནད་ལ་མ་འཁེལ་བའི་བར་དུ་ལྷོད་གཡེང་གཏན་ནས་མི་གཏོང་བ་དང་།གནད་དོན་མཐིལ་མ་རྟོགས་པའི་བར་དུ་ལྷོད་གཡེང་གཏན་ནས་མི་གཏོང་བ།མང་ཚོགས་ཀྱི་བློ་ལ་མ་བབས་པའི་བར་དུ་ལྷོད་གཡེང་གཏན་ནས་མི་གཏོང་བ་བཅས་མཐའ་གཅིག་ཏུ་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོ་དང་གྲོང་ཁྱེར་དོ་དམ་ལས་དོན་ལ་ཁྱད་ཆོས་ལྡན་པ་དང་།བཀྲག་མདངས་འཚེར་བ།དཔེ་སྟོན་ཐུབ་པ་བཅས་བྱེད་དགོས་པ་དང་།གཉིས་ནས་གཙོ་གནད་ལས་དོན་སླར་ཡང་དམ་འཛིན་བྱེད་དགོས།གྲོང་ཁྱེར་དོ་དམ་ལས་དོན་ཏན་ཏིག་དང་གཏིང་ཟབ་ངང་བསྒྲུབས་ཏེ་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་གཏོད་པའི་ལས་དོན་ལ་གཞི་གཅིག་དུ་སྐུལ་འདེད་གཏོང་བ་དང་། ཁྲིམས་འགལ་སྐྱེལ་འདྲེན་རླངས་འཁོར་ལ་རྡུང་རྡེག་གཏོང་ཤུགས་དང་།གྲོང་ཁྱེར་འཛུགས་སྐྲུན་རྣམ་གྲངས་དོ་དམ་ལ་ཤུགས་སྣོན། དགུན་དུས་དྲོད་རླངས་མཁོ་འདོན་གྱི་བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་ལ་ཤུགས་སྣོན།གློག་སྒུལ་རླངས་འཁོར་གྱི་ཁྱོན་ཡོངས་དོ་དམ་ནན་པོ་བཅས་བྱེད་དགོས་པ།གསུམ་ནས་བཅོས་སྒྲིག་བཅོས་སྐྱོང་གི་ཕན་འབྲས་ཐད་སླར་ཡང་ཕྱིར་མིག་ལྟ་དགོས།ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལ་དམིགས་པ་དང་།འབྲེལ་ཡོད་ཚོགས་འདུ་དང་བརྟག་ཞིབ་ཁྲོད་བཏོན་པའི་གནད་དོན་ལ་དམ་པོར་གཞིགས་ཏེ་རྒྱུན་རྣམ་ཅན་གྱི་ཐོག་ནས་ཕྱིར་མིག་ལྟ་བའི་ལས་དོན་ལེགས་པོ་སྤེལ་ནས་བསྐྱར་ལོག་བྱས་ཡོད་མེད་དང་།དམ་འཛིན་མཐའ་གཅིག་ཏུ་བྱས་ཡོད་མེད།རྒྱུན་མཐུད་རྗེས་འདེད་བྱས་ཡོད་མེད།དོན་འཁྱོལ་ཡག་པོ་བྱས་ཡོད་མེད་བཅས་ལ་ལྟ་དགོས།ལོ་གཅིག་རིང་གི་ལས་དོན་ལ་ཁྱོན་ཡོངས་ནས་རྩིས་བཤེར་བྱེད་པ་དང་།ཉམས་མྱོང་ཕྱོགས་བསྡོམས།ཆད་བཤེར་གསབ་སྣོན། ལེགས་གཏོང་སྒྱུར་བཅོས།དུས་མཉམ་དུ་སང་ལོའི་གཙོ་གནད་ལས་འགན་ཁ་གསལ་བཅས་བྱས་ཏེ།རེས་སྐོར་གསར་པའི་འགག་སྒྲོལ་བཅོས་སྐྱོང་གི་འཆར་གཞི་འདིང་བ་དང་རྨང་གཞི་ཡག་པོ་འདིང་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社