(པར་ངོས་གཉིས་པར་མཐུད)ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་ཡོན་ཀྲང་གཞོན་པ་ཀྲང་ཉིང་གིས་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གིས་གཞུང་བཙུགས་སྨན་ཁང་གི་གཙོ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སྲིད་ཇུས་ཁག་ལ་བརྟེན་ནས་དོ་དམ་གྱི་ཤེས་ལྡན་པ་གསོ་སྐྱོང་དང་། ཚན་ཞིབ་ཀྱི་ཤེས་ལྡན་པ་གསོ་སྐྱོང་། ནད་ཐོག་སྨན་བཅོས་ཀྱི་ཤེས་ལྡན་པ་གསོ་སྐྱོང་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཡོད། སླད་ཕྱིན་ང་ཚོས་སྨན་ཁང་གི་སྨན་བཅོས་ཀྱི་སྤུས་ཚད་གོང་མཐོར་གཏོང་རྒྱུ་དང་། སྨན་བཅོས་ཀྱི་ཁོར་ཡུག་ལེགས་འགྱུར། སྨན་བཅོས་ཞབས་ཞུའི་ནང་དོན་མང་དུ་གཏོང་བ་བཅས་བྱས་པ་བརྒྱུད་རྒྱུན་ཆད་མེད་པར་སྨན་ཁང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བཤད།
ཚོགས་འདུ་འཚོགས་པའི་རིང་། སྨན་བཅོས་རིགས་གཅིག་མཁས་ཅན་དང་དགེ་རྒན་ཆེ་མོ་བས་རང་ངོས་ཀྱི་ཆེད་ལས་ཤེས་བྱ་ཟབ་མོ་དང་དེ་བཞིན་ཕུན་སུམ་ཚོགས་པའི་ཞིབ་འཇུག་གི་ཉམས་མྱོང་དང་ཟུང་འབྲེལ་གང་ལེགས་བྱས་ནས་སྨན་བཅོས་སྒྱུར་བཅོས་གསར་པའི་རྒྱབ་ལྗོངས་འོག་གི་གཞུང་བཙུགས་སྨན་ཁང་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བའི་ཞིབ་འཇུག་སོགས་མིག་སྔའི་སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་འགག་རྩའི་ཞིབ་འཇུག་བྱ་གཞིར་དམིགས་ནས་འགྲེལ་བཤད་བརྒྱབ་སྟེ། ལྷ་ས་གྲོང་ཁྱེར་གྱི་འཕྲོད་བསྟེན་བདེ་ཐང་བྱ་གཞག་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་བསམ་ཕྱོགས་གསར་པ་དང་ལྟ་ཚུལ་གསར་པ་མཁོ་འདོན་བྱས་པ་རེད།
(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社