分享按钮

སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་བྱས་ནས་རང་གྲོང་གི་འཕྲོད་བསྟེན་བདེ་ཐང་བྱ་གཞག་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་21ཉིན། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གིས་སྒྲུབ་འགན་ཁུར་བའི་མཐུན་སྦྱོར་མཉམ་སྐྱོད་དང་སྒྱུར་བཅོས་གཏིང་ཟབ་བྱས་ནས་སྨན་བཅོས་འཕྲོད་བསྟེན་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་བྱེད་དགོས་ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ལྷ་ས་གྲོང་ཁྱེར་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་དང་གཞུང་བཙུགས་སྨན་ཁང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཚོགས་འདུ་འཚོཊ་པ་རེད།

ཚོཊ་འདུའི་ཐོག་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་། སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་བཅས་ནས་ཡོང་བའི་སྨན་བཅོས་རིཊ་གཅིག་མཁས་ཅན་དང་དགེ་རྒན་ཆེན་མོ་བ་དང་དེ་བཞིན་ལྗོངས་དང་། གྲོང་ཁྱེར། རྫོང(ཆུས)ཁག་བཅས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགོ་ཁྲིད་མཉམ་འཛོམས་ཀྱིས་ལྷ་ས་གྲོང་ཁྱེར་གྱི་འཕྲོད་བསྟེན་བདེ་ཐང་བྱ་གཞག་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་གོ་སྐབས་གསར་པ་ཧུར་ཐག་ཐོབ་པར་བྱས་ནས་ལྷ་ས་གྲོང་ཁྱེར་གྱི་སྨན་བཅོས་ཀྱི་ཆུ་ཚད་མཐོ་ཚད་གསར་པ་ཞིག་ཏུ་སླེབས་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད། ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཁྲེན་ལིས་ད་ཐེངས་ཀྱི་ཚོགས་འདུ་འཚོགས་པའི་དམིགས་ཡུལ་ནི། སྤེལ་རེས་ཀྱི་སྟེགས་བུ་རྩེ་གྲ་ཞིག་བསྐྲུན་རྒྱུ་དང་ས་གནས་ཁག་གི་བློ་གྲོས་གཅིག་ཏུ་བསྡུས་ནས་ལྷ་ས་གྲོང་ཁྱེར་གྱི་གཞུང་བཙུགས་སྨན་ཁང་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་རྩ་ཆེའི་ཉམས་མྱོང་མཁོ་འདོན་དང་བློ་སྒོ་འབྱེད་རྒྱུ་དང་། ལྷ་སའི་གཞུང་བཙུཊ་སྨན་ཁང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཞན་ཆ་གསབ་རྒྱུ། སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་སྔར་བས་འཐུས་ཚང་དང་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་སྔར་བས་ཕན་ནུས་ཆེ་བར་སྐུལ་འདེད་གཏོང་རྒྱུ་དེ་ཡིན་ཞེས་བཤད།

ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་བློ་བརྟན་འགྱུར་མེད་ངང་མི་དམངས་ཀྱི་བདེ་ཐང་ལྟེ་བར་འཛིན་པའི་འདུ་ཤེས་མཐའ་འཁྱོངས་བྱས་ནས་སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་སུ་འཚོལ་ཞིབ་ཧུར་ཐག་དང་རྒྱུན་མཐུད་འབད་འཐབ་བྱས་པར་བརྟེན་གྲོང་མིའི་བདེ་ཐང་གི་ཆུ་ཚད་དང་། སྤྱི་པའི་འཕྲོད་བསྟེན་ཞབས་ཞུ། དེ་བཞིན་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཞུ་བཅས་ཀྱི་ནུས་པ་ཆེ་རུ་ཤུགས་ཆེན་ཕྱིན་པར་བརྟེན་འཕྲོད་བསྟེན་བདེ་ཐང་ལས་དོན་དེ་རང་སྐྱོང་ལྗོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་། ལྟེ་བའི་གྲོང་ཁྱེར་གྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེཊ་ཐུབ་ཡོད།མལ་གྲོ་གུང་དཀར་རྫོང་གི་རྫོང་དཔོན་གཞོན་པ་རེན་ཡན་ཧྥང་གིས་2019ལོའི་ཟླ་8པར།མལ་གྲོ་གུང་དཀར་རྫོང་དེ་རྒྱལ་ཁབ་རིམ་པའི་དམ་ཟབ་རྣམ་པའི་རྫོང་ཁོངས་ཀྱི་སྨན་བཅོས་ཐུན་མོང་སྒྲིག་གཞིའི་ཚོད་ལྟའི་རྫོང་དུ་བཅུག་པ་དང་། དུས་ཡུན་ལོ་5ཡི་ནང་ང་ཚོས་རྫོང་མི་དམངས་སྨན་ཁང་གིས་སྣེ་འདྲེན་བྱས་པའི་ཤང་འཕྲོད་བསྟེན་ཁང་དང་གྲོང་ཚོའི་འཕྲོད་བསྟེན་ཁང་དབར་ཕན་ཚུན་འབྲེལ་མཐུད་བྱེད་པའི་ཕྱོགས་གསུམ་གཞི་གཅིག་གི་སྨན་བཅོས་ཐུན་མོང་སྒྲིག་གཞིའི་དོ་དམ་སྒྲོམ་གཞི་མངོན་འགྱུར་བྱུང་བ་དང་།ད་དུང་སྒྱུར་བཅོས་རབ་དང་རིམ་པ་བྱས་པ་བརྒྱུད་མང་ཚོགས་ཀྱི་ནད་བསྟེན་དཀའ་བ་དང་སྨན་རིན་མཐོ་བའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་པས་མང་ཚོགས་ཀྱི་སྐྱིད་སྣང་དང་བློ་ཡིད་ཚིམ་ཚད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད་ཅེས་བཤད་པ་རེད།

གཞན་ཡང་། དུས་བབ་གསར་པ་དང་ལས་འགན་གསར་པའི་མདུན་དུ་ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱིས་ཐོན་ཁུངས་བསྡུ་སྒྲིལ་དང་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྨན་བཅོས་ཞབས་ཞུ་དང་དེ་བཞིན་སྤྱི་པའི་འཕྲོད་བསྟེན་འགན་ལེན་གྱི་ནུས་པ་མུ་མཐུད་ཆེ་རུ་བཏང་བ་དང་འབྲེལ་ཕྱོགས་ཁག་གི་སྟོབས་ཤུགས་དང་མཉམ་དུ་ཕྱོགས་ཡོངས་དང་དུས་འཁོར་ཧྲིལ་པོར་མི་དམངས་ཀྱི་བདེ་ཐང་གི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་ཡོད་པ་རེད།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-26 6 6 拉萨日报藏文 c191683.html 1 སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་བྱས་ནས་རང་གྲོང་གི་འཕྲོད་བསྟེན་བདེ་ཐང་བྱ་གཞག་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ། /enpproperty-->