分享按钮

ལྷ་ས་གྲོང་ཁྱེར་གྱིས་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་དང་གཞུང་བཙུགས་སྨན་ཁང་གི་སྤུས་ཚད་མཐོ་བའི་ འཕེལ་རྒྱས་ཀྱི་ཚོགས་འདུ་མཇུག་འགྲིལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉིན་གཉིས་རིང་། བགྲོ་གླེང་དང་། སྤེལ་རེས། བཀོད་སྒྲིག་བཅས་བྱས་པ་བརྒྱུད། ལྷ་ས་གྲོང་ཁྱེར་གྱིས་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་དང་གཞུང་བཙུགས་སྨན་ཁང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཚོགས་འདུ་དེ་ཟླ་11ཚེས་22ཉིན་གྱི་ཕྱི་དྲོ། གྲོས་རིམ་ཁག་ལེགས་གྲུབ་བྱུང་རྗེས་བདེ་བླག་ངང་མཇུག་འགྲིལ་བ་རེད།

གྲོང་སྤྱི་གཞོན་པ་ཀྲའོ་ཧྲི་ཏུང་ཚོཊ་འདུར་ཕེབས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ་རེད།

ཀྲའོ་ཧྲི་ཏུང་གིས་དང་ཐོག་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས་སློབ་ཁྲིད་རིགས་གཅིག་མཁས་ཅན་དང་དེ་བཞིན་ཚོཊ་ཞུཊ་འགོ་ཁྲིད་ལ་ལྷག་བསམ་ཟོལ་མེད་ཀྱི་ཐུཊ་རྗེ་ཆེ་ཞུས་པ་རེད། ཀྲའོ་ཧྲི་ཏུང་གིས་ད་ཐེངས་ཀྱི་ཚོཊ་འདུ་དེ་ལྷ་ས་གྲོང་ཁྱེར་གྱི་སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་འཕེལ་རྒྱས་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་པ་སྟེ། དེ་ནི་ཕྱོགས་སྡོམ་དང་གསེད་བཀྲོལ་གཏིང་ཟབ་བྱས་པ་ཞིག་ཡིན་ལ། འབྱུང་འགྱུར་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་བྱེད་པ་དང་དེ་བཞིན་གཞུང་བཙུགས་སྨན་ཁང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུར་སྐུལ་འདེད་གཏོང་བའི་ཐད་ཁ་ཕྱོགས་གསལ་སྟོན་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྡུས་ཡོད།

ཀྲའོ་ཧྲི་ཏུང་གིས་ཚོགས་ཞུགས་ཕྱོགས་ཁག་གིས་ད་ཐེངས་ཀྱི་ཚོགས་འདུ་དེ་གོ་སྐབས་སུ་བརྩིས་ནས་ཚོགས་འདུའི་ཐོག་གཅིག་མཐུན་བྱུང་བའི་གྲུབ་འབྲས་ཁག་བྱ་སྤྱོད་དངོས་སུ་འགྱུར་བར་བྱེད་པ་དང་། ལག་གདང་སྦྲེལ་ནས་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བར་བྱས་ཏེ། ལྷ་ས་གྲོང་ཁྱེར་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་ཧྲིལ་པོ་མཐོ་རུ་གཏོང་རྒྱུ་དང་གྲོང་མིའི་བདེ་ཐང་དང་བདེ་རྩ་འགན་ལེན་བྱ་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས་པའི་ནན་གསུངས་གནང་བ་རེད།

(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-26 6 6 拉萨日报藏文 c191684.html 1 ལྷ་ས་གྲོང་ཁྱེར་གྱིས་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་དང་གཞུང་བཙུགས་སྨན་ཁང་གི་སྤུས་ཚད་མཐོ་བའི་ འཕེལ་རྒྱས་ཀྱི་ཚོགས་འདུ་མཇུག་འགྲིལ་བ། /enpproperty-->