分享按钮

ནོར་སྟོད་སྡེ་ཁུལ་ཏང་སྤྱི་ཁྱབ་ཀྲི་པུས་གཅེས་སེམས་བརྒྱུད་སྤྲོད་ཀྱི་ཞལ་འདེབས་རྒྱག་པའི་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར།ནོར་སྟོད་སྡེ་ཁུལ་ཏང་སྤྱི་ཁྱབ་ཀྲི་པུས་ལོ་བརྒྱ་བག་གྲོའི་གཅེས་སེམས་ཁེ་ལས་དང་མཉམ་དུ་རྒན་བྱིས་རོགས་སྐྱོར་གྱི་ལྷམ་ཞལ་འདེབས་རྒྱག་པའི་བྱེད་སྒོ་སྤེལ་ཞིང་།བྱེད་སྒོ་སྤེལ་དོན་ནི་ཁོངས་གཏོགས་ཁུལ་གྱི་དམིགས་བསལ་ཚོགས་སྤྱི་སྟེ་རྒན་རྒོན་དང་བྱིས་པར་དོ་ཁུར་བྱས་ནས་ཁོང་ཚོར་དྲོ་སྐྱིད་དང་གཅེས་སེམས་སྦྱིན་རྒྱུ་དེ་རེད།

སྔ་དྲོའི་ཆུ་ཚོད་10པ་ཙམ་ལ། གཅེས་སེམས་དང་བླངས་པ་ཚོས་ལྷམ་གསར་རྐྱང་ཆ་198བགྲེས་སོང་དང་ཕྲུ་གུ་ཚོའི་ལག་ཏུ་སྤྲད་པ་རེད།རྒན་རྒོན་ཚོར་ལྷམ་འབྱོར་རྗེས་བཞིན་ལས་དགའ་སྤྲོའི་འཛུམ་མདངས་འཕྱུར་བཞིན་དུ་ཐུགས་རྗེ་ཆེ་ཞུས་པ་དང་།ཕྲུ་གུ་ཚོས་སྤྲོ་སྣང་ཆེན་པོས་ལྷམ་གསར་པ་གྱོན་ནས་ཚོད་ལྟ་བྱས་པས་དགའ་སྤྲོའི་དགོད་སྒྲ་སྡེ་ཁུལ་དུ་གྲགས།དེ་རྗེས་ངོ་མཚར་ཆེ་བའི་ལེ་ཚན་གཅིག་རྗེས་གཉིས་མཐུད་ངང་འཁྲབ་སྟོན་བྱས་པ་དེས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་པར་མ་ཟད།ཧུར་བརྩོན་ཡར་ཐོན་གྱི་བསམ་པའི་ཉམས་འགྱུར་ཡང་བརྒྱུད་སྤྲོད་བྱས་པ་རེད།འཁྲབ་སྟོན་པས་ཁོང་ཚོའི་ཁྱད་འཕགས་ཀྱི་སྒྱུ་རྩལ་དང་སྤྲོ་སེམས་ལ་བརྟེན་ནས་གཅེས་སེམས་བྱེད་སྒོ་དེར་བཀྲག་མདངས་དང་གསོན་ཤུགས་དེ་བས་མང་བ་བསྣན་ཡོད།

བགྲེས་སོང་བསྟན་འཛིན་གྱིས་དགའ་ཚོར་ཆེན་པོའི་ངང་བྱེད་སྒོ་དེ་རིགས་ལས་ང་ཚོར་སྡེ་ཁུལ་དང་གཅེས་སེམས་ཁེ་ལས་ཀྱི་དྲོ་སྐྱིད་དང་གཅེས་སྐྱོང་ཚོར་བྱུང་ལ་ང་ཚོས་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བར་དེ་བས་གཅེས་སྤྲས་བྱ་རྒྱུ་ཡིན་ཞེས་བཤད།

ནོར་སྟོད་སྡེ་ཁུལ་གྱི་འབྲེལ་ཡོད་འགན་འཁུར་བས་གཅེས་སེམས་ཁེ་ལས་ཀྱིས་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བར་བརྟེན་རྒན་རྒོན་དང་བྱིས་པར་ཐུགས་ཁུར་བྱེད་མཁན་མང་དུ་འགྲོ་ངེས་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།སླད་ཕྱིན།སྡེ་ཁུལ་གྱིས་ད་ཐེངས་ཀྱི་བྱེད་སྒོ་དེ་གོ་སྐབས་སུ་བྱས་ནས་ཁེ་ལས་དང་མཉམ་ལས་བྱ་རྒྱུར་སྔར་བས་ཤུགས་སྣོན་རྒྱག་པ་དང་།གསར་གཏོད་བྱེད་སྟངས་དང་བྱེད་ཐབས་སྔར་བས་མང་པོ་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་ཏེ་གྲོང་མི་ཚོར་དེ་བས་སྤུས་ལེགས་དང་སྙིང་ཉེ་བའི་ཞབས་ཞུ་བསྒྲུབ་རྒྱུ་ཡིན་ཞེས་བཤད།

(བུ་ཆུང་གིས་སྒྱུར་ཞུས་བྱས)

པར་འདི་ནི་ཞལ་འདེབས་རྒྱག་པའི་བྱེད་སྒོ་སྤེལ་ཡུལ་ཡིན།

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-26 6 6 拉萨日报藏文 c191681.html 1 ནོར་སྟོད་སྡེ་ཁུལ་ཏང་སྤྱི་ཁྱབ་ཀྲི་པུས་གཅེས་སེམས་བརྒྱུད་སྤྲོད་ཀྱི་ཞལ་འདེབས་རྒྱག་པའི་བྱེད་སྒོ་སྤེལ་བ། /enpproperty-->