(པར་ངོས་དང་པོར་མཐུད)སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་ཁྲོམ་གཞུང་པེ་ཅིང་ནུབ་ལམ་གྱི་ཞི་བདེ་སྣུམ་སྣོན་ས་ཚིཊ་ཀྱི་བྱང་ངོས་རི་ལྡེབས་སུ་གནས་ཡོད། ཕུག་ལམ་གྱི་གཡོན་ངོས་ལམ་ཐིག་གི་རིང་ཚད་ཧྲིལ་པོར་སྨི་365ཡོད་པ་དང་2024ལོའི་ཟླ་3པར་འདྲུ་འགོ་ཚུཊ་ཤིང་། དེ་ནི་ལྷ་ས་གྲོང་ཁྱེར་བྱང་སྐོར་ནུབ་སྲིང་ལམ་རྣམ་གྲངས་ཐོག་ཏལ་འབིཊ་པའི་ཕུག་ལམ་ཐོག་མ་དེ་རེད།
ལྷ་ས་གྲོང་ཁྱེར་བྱང་སྐོར་ནུབ་སྲིང་ལམ་རྣམ་གྲངས་ཀྱི་ཚད་ལྡན་དུམ་བུའི་བདེ་འཇཊ་སྤྱི་ཁྱབ་ལྟ་ཞིབ་པ་ཝང་ཁྲུང་ཨན་གྱིས་ལྷ་ས་གྲོང་ཁྱེར་བྱང་སྐོར་ནུབ་སྲིང་ལམ་ཐིག་ཧྲིལ་པོར་ཁྱོན་ཕུག་ལམ་3ཡོད། གོང་ཚེས་ཉིན་ཤར་གཏོང་ཐུབ་པའི་སྟོད་ལུང་ཕུག་ལམ་དང་པོ་དེ་ནི་ལམ་ཐིག་ཁྱོན་ཡོངས་སུ་ཤར་གཏོང་ཐུབ་པའི་ཕུག་ལམ་དང་པོ་དེ་ཡིན། རྗེས་མཐུད་ང་ཚོས་ཕུག་ལམ་ལ་རྒྱན་སྤྲོས་ཐེངས་གཉིས་དང་། གྱེན་ལ་འདེཊ་སྐྱོར་འཛུཊ་པ། ལམ་ངོས་ཀྱི་ཆུ་འབུད་སོཊ་ཀྱི་ལས་དོན་ལེཊ་པར་བསྒྲུབ་རྒྱུ་དང་། སྟོད་ལུང་གི་ཕུག་ལམ་དང་པོའི་བྲག་ཕུག་གཡས་དེ་2025ལོའི་གནམ་ལོ་གསར་ཚེས་ཀྱི་སྔ་ནུབ་ཏུ་ཤར་གཏོང་ཐུབ་རྒྱུ་རེད་ཅེས་བཤད།
ལྷ་ས་གྲོང་ཁྱེར་བྱང་སྐོར་ནུབ་སྲིང་ལམ་རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་33.16བཏང་ཞིང་། འགོ་འཛུཊ་ས་པེ་ཅིང་ནུབ་ལམ་དམག་ཁུལ་ཁང་གི་ཉམས་གསོ་བཟོ་གྲྭའི་ཤར་ངོས་སུ་ཡོད་པ་དང་། པེ་ཅིང་ནུབ་ལམ་དང་སྦྲེལ་ཡོད་པ། མཐའ་སྣེ་དེ་སྟོད་ལུང་ལམ་ཆེན་དང་རྒྱལ་ལམ་109ཡི་འབྲེལ་མཚམས་སུ་ཡོད། གཞུང་ལམ་དེའི་སྤྱིའི་རིང་ཚད་ལ་སྤྱི་ལེ་17ཡོད་པ་དང་གྲོང་ཁྱེར་གྱི་མྱུར་བགྲོད་ལམ་ཡིན་པས་རླངས་འཁོར་གྱི་མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ་60ཟིན་དགོས་པའི་འཆར་འགོད་བྱས་ཡོད། ལམ་ཐིག་ཧྲིལ་པོར་ཟམ་པ་12དང་། ཕུག་ལམ་3 གསལ་མཐོང་གཏིང་ཚད་ཐུང་བའི་ཕུག་ལམ་1 བསྣོལ་མཚམས་ས་ཚིཊ་3བཅས་བཙུཊ་ཡོད་པ་དང་། རྣམ་གྲངས་ལས་འགོ་ཚུཊ་པ་ནས་བཟུང་། རིམ་རྩིས་བྱས་ན་མ་འཇོག་སྒོར་དུང་ཕྱུར་7.84ལེཊ་གྲུབ་ཟིན་པ་དང་། རྣམ་གྲངས་ཧྲིལ་པོའི་ལས་ཡུན་ལོ་གསུམ་ཡིན་པས་སྔོན་དཔག་བྱས་ན་2026ལོའི་ཟླ་10པར་ཁྱོན་ཡོངས་ནས་ལས་མཇུག་འགྲིལ་རྒྱུ་རེད། རྣམ་གྲངས་དེ་བསྐྲུན་རྗེས་ལྷ་སའི་གྲོང་ཁུལ་གཙོ་བོ་དང་སྟོད་ལུང་བར་གྱི་འགྲོ་སྐྱོད་ཀྱི་དུས་ཚོད་ཐུང་དུ་འགྲོ་རྒྱུ་དང་། གྲོང་མི་མགྱོཊ་མྱུར་གྲོང་ཁྱེར་ནས་ཕྱིར་སྐྱོད་པའི་དགོས་མཁོ་བསྐོང་རྒྱུ། འགྲིམ་འགྲུལ་ཁྱབ་ཚུལ་ལ་ལུཊ་མཐུན་ངང་ཁྲིད་སྟོན་བྱ་རྒྱུ། ཤར་གཏོང་དང་མཐུན་སྦྱོར་གྱི་ས་ཁོངས་འགྲིམ་འགྲུལ་དང་གྲོང་ཁྱེར་གྱི་འགྲིམ་འགྲུལ་མ་ལག་ཅིག་བཅས་བསྐྲུན་རྒྱུ་རེད།(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社