ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་11ཚེས་23ཉིན།བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་700ལས་ཐོག་མར་བརྒལ་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་སླར་ཡང་བཏོད་ཡོད།ལམ་ཚད་རྡོ་རིང་ལྟ་བུའི་གྲུབ་འབྲས་དེའི་ཐོག་ནས་རང་ལྗོངས་ཀྱི་དམངས་སྤྱོད་མཁའ་འགྲུལ་གྱི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་པར་མ་ཟད།རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པའང་མངོན་ཡོད།དེའི་གོང་སྟེ་ཟླ་11ཚེས་17ཉིན།བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་ཉིན་44ཡི་སྔ་སྣུར་དུ་2023ལོའི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ལས་བརྒལ་ཡོད་པ་རེད།སྔོན་དཔག་བྱས་ན།2024ལོར་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་དུས་གཏན་གནམ་གྲུ་ཐེངས་ཁྲི་6.9འཕུར་འབབ་འགན་ལེན་བྱས་ནས་ལོར་འགྲུལ་པ་མི་ཐེངས་ཁྲི་773དང་དངོས་ཟོག་ཏུན་ཁྲི་5.3དབོར་འདྲེན་བྱ་རྒྱུ་ཡིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་13.6དང་།བརྒྱ་ཆ་12.1 བརྒྱ་ཆ་12.9བཅས་སོ་སོར་འཕར་རྒྱུ་ཡིན་པ་རེད།
ཉེ་བའི་ལོ་ཤས་རིང་།དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས(གཤམ་དུ་ཁུལ་ཅུས་ཞེས་བསྡུ་རྒྱུ)ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་ཧུར་ཐག་བསྟར་བ་དང་།འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་ཞབས་འདེགས་ཞུ་བ།རང་ལྗོངས་ཀྱི་དམངས་སྤྱོད་མཁའ་འགྲུལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་པས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད།བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་གནམ་གྲུའི་འབབ་ཐང་8བསྐྲུན་ཏེ་བེད་སྤྱོད་བྱས་པ་དང་།ཨ་མ་གཅིག་དང་ཡན་ལག་བདུན་གྱི་གནམ་ཐང་གི་བཀོད་པ་དང་གཙོ་བོ་གཅིག་དང་ཕལ་པ་གཅིག་ལྟེ་བ་གཉིས།ཤར་ནུབ་ཕྱི་ཕྱོགས་ཀྱི་བགྲོད་ལམ་གཉིས་ཀྱི་མཁའ་ལམ་དྲ་བའི་འཆར་འགོད་དང་བཀོད་པ་བསྐྲུན་ཡོད།མཁའ་ལམ་177ཤར་གཏོང་བྱས་པ་དང་གནམ་གྲུ་ཤར་གཏོང་ཐུབ་པའི་གྲོང་ཁྱེར་75ཟིན་ནས་ལྷོ་ནུབ་དང་ནུབ་བྱང་ས་ཁུལ་གྱིས་གཙོ་བོར་བྱེད་པ་དང་རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཆེ་འབྲིང་དང་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ལ་ཁྱབ་པའི་མཁའ་འགྲུལ་དྲ་བ་ཞིག་ཆགས་པར་མ་ཟད།སྐྱེལ་འདྲེན་ཐོན་སྐྱེད་ཀྱི་གཞི་ཁྱོན་ཡང་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་ཡོད་པ་རེད།
འདི་ལོ་ནས་བཟུང་།བོད་ལྗོངས་གནམ་གྲུའི་འབབ་ཐང་ཚོགས་པས(གཤམ་དུ་གནམ་ཐང་ཚོགས་པ་ཞེས་བསྡུ་རྒྱུ)འཕུར་སྐྱོད་བདེ་འཇགས་འགན་ལེན་བྱ་རྒྱུ་དེ་སྔོན་འགྲོའི་ཆ་རྐྱེན་དུ་བྱས་ཏེ་མཁའ་འགྲུལ་ཁྲོམ་ར་གསར་འབྱེད་ཧུར་ཐག་བྱས་པ་དང་།མཁའ་འགྲུལ་དང་ཡུལ་སྐོར་མཉམ་འདྲེས་ཀྱི་ལས་སྟེགས་བསྐྲུན་པ།མཁའ་འགྲུལ་མ་ལམ་དང་ཉིང་ལག་ལམ་ཤར་བགྲོད་དང་།དྲ་རྒྱ་ཡོངས་སྦྲེལ་མཐུད་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ།བོད་ནས་འགྲོ་འོང་གི་དུས་གཏན་གནམ་གྲུའི་བར་བརྒྱུད་ཞབས་ཞུ་སྟབས་བདེ་ཅན་ཁྱབ་གདལ་གཏོང་བ་བཅས་བྱས་ཏེ་མཁའ་འགྲུལ་ཁྲོམ་རའི་མི་མངོན་པའི་སྟོབས་ཤུགས་འཕེལ་བ་དང་།མཁའ་འགྲུལ་ཁྲོམ་ར་འཁྲུག་ཏུ་ཕྱིན་པ།ཡུལ་སྐོར་བ་དེ་བས་མང་བ་བོད་དུ་ཡོང་རྒྱུའི་ཡིད་དབང་འགུག་པ་བཅས་བྱས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ཡོད།ཁྲོམ་རའི་ཐོབ་སྐལ་རྒྱ་ཆེར་གཏོང་བ་དང་།ཞབས་ཞུའི་སྤུས་ཚད་དང་དཔལ་འབྱོར་གྱི་ཕན་འབྲས།རང་ངོས་ཀྱི་ལྟེ་བའི་འགྲན་རྩོད་ནུས་པ་བཅས་ཆེ་རུ་གཏོང་ཆེད།གནམ་གྲུའི་འབབ་ཐང་ཚོགས་པས་ས་བབ་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་དང་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ་ཡུན་ནན་གནམ་གྲུའི་འབབ་ཐང་ཚོགས་པ་དང་།སི་ཁྲོན་ཞིང་ཆེན་གནམ་གྲུའི་འབབ་ཐང་ཚོགས་པ།ཁྲུང་ཆིང་གནམ་གྲུའི་འབབ་ཐང་ཚོགས་པ་སོགས་དང་འཐབ་ཇུས་མཉམ་ལས་ཐོག་མར་བྱས་ནས་ཐོན་ཁུངས་མཉམ་སྤྱོད་དང་ལེགས་ཆ་གསབ་རེས་ཀྱིས་ཁྲོམ་རའི་འགྲན་སློང་ལ་ཁ་གཏད་བཅག་སྟེ་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བར་བྱས་ཡོད།མཁའ་འགྲུལ་དང་རིག་གནས་ཡུལ་སྐོར་ཟུང་འབྲེལ་གྱི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་ལས་རྣམ་གསར་པ་གཏོད་ཆེད།གནམ་གྲུའི་འབབ་ཐང་ཚོགས་པས་མཁའ་ལམ་རྒྱ་ཆེར་གཏོང་བ་དང་།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社