ཉིན་ཤས་བསྟུད་མར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་བར་སྐོར་གནའ་གྲོང་དུ་ཕེབས་ནས་བརྟག་ཞིབ་དང་བཞུགས་མོལ་གནང་སྐབས་ཀྱི་གསུང་བཤད་ཀྱི་དགོངས་དོན་ལ་བར་སྐོར་གནའ་གྲོང་དོ་དམ་ཨུ་ལྷན་གྱི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་བའི་ཁྲོད་ཚུར་སྣང་ལན་ཆ་བཟང་པོ་བྱུང་ཡོད། ཚང་མས་གཅིག་རྗེས་གཉིས་མཐུད་ངང་ངེས་པར་དུ་ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་དང་། ཆབ་སྲིད་ཐད་སྤྲོ་སེམས་ཆེ་བ། སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་བྱ་སྤྱོད་བཅས་ཀྱི་ཐོག་ནས་གནད་ལ་འཁེལ་བ་དང་། ཞིབ་ཚགས་པ། སྤུས་ཚད་ལེགས་པ་བཅས་ཀྱི་ཚད་གཞིའི་ཐོག་ནས་བར་སྐོར་གནའ་གྲོང་སྲུང་སྐྱོང་དང་དོ་དམ་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ་སྤུས་ཚད་མཐོན་པོའི་སྒོ་ནས་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་སྲུང་སྐྱོང་ཁུལ་དང་འཛམ་གླིང་གི་ཡུལ་སྐོར་དམིགས་ས་གཏོད་པའི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་རྒྱུ་ཡིན་ཞེས་བཤད་པ་རེད།
གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་གལ་ཆེའི་དུས་སྐབས་སུ། ཧྲུའུ་ཅི་ཤའོ་ཡིའུ་ཚའེ་བར་སྐོར་གནའ་གྲོང་དུ་བརྟག་ཞིབ་གནང་བར་ཕེབས་ཏེ་བར་སྐོར་གནའ་གྲོང་གི་ལས་དོན་ཐད་ཁ་ཕྱོགས་གསལ་སྟོན་དང་། དམིགས་ཚད་གཏན་འཁེལ། ལམ་སྲོལ་མཐུན་སྦྱོར་བཅས་གནང་ཡོད། བར་སྐོར་གནའ་གྲོང་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་དང་ལས་བཟོ་བ་རྣམས་ཀྱིས་བྱ་ཐབས་སྣ་མང་སྤྱད་དེ་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡི་གསུང་བཤད་ཀྱི་དགོངས་དོན་དང་མཛུབ་སྟོན་གྱི་བླང་བྱར་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ་བར་སྐོར་གནའ་གྲོང་སྲུང་སྐྱོང་དང་དོ་དམ་ལས་དོན་ཡག་པོ་སྒྲུབ་དགོས་པའི་གལ་ཆེའི་རང་བཞིན་ལ་གོ་བ་གཏིང་ཟབ་བླངས་ནས་དམ་པ་དོན་གཉེར་གྱིས་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་དང་ལག་བསྟར་ནན་ཏན་བྱས་ནས་ལེའུ་གསར་པ་རྩོམ་རྒྱུར་ལྷོད་གཡེང་མི་གཏོང་བར་དམ་འཛིན་ནན་པོ་བྱས་ཡོད།
བར་སྐོར་གནའ་གྲོང་དོ་དམ་ཨུ་ལྷན་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་ཏེང་ཅན་ཧྥུང་གིས་བར་སྐོར་གནའ་གྲོང་ཏང་གི་ལས་དོན་ཨུ་ལྷན་གྱིས་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡི་བརྟག་ཞིབ་དང་བཞུགས་མོལ་གནང་སྐབས་ཀྱི་གསུང་བཤད་ཀྱི་དགོངས་དོན་དེ་མིག་སྔའི་ལས་འགན་ཨང་དང་པོར་བརྩིས་ནས་གསུང་བཤད་ཀྱི་དགོངས་དོན་ལ་འཕྲལ་དུ་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ཏེ་འཕྲལ་མར་བཀོད་སྒྲིག་དང་། འཕྲལ་མར་ཕྱོགས་ཡོངས་ནས་སྐུལ་སློང་། འཕྲལ་མར་བཅོས་སྒྲིག་དོན་འཁྱོལ། འཕྲལ་མར《གནའ་གྲོང་ཁུལ་གྱི་ཞིབ་ཚགས་ཅན་གྱི་དོ་དམ་ཞིབ་སྲོལ》བཟོ་འགོ་བཙུགས་པ་བཅས་བྱས་ཡོད། ལོ་རྒྱུས་ལ་འགན་འཁུར་བ་དང་། གནའ་གྲོང་ལ་འགན་འཁུར་བ། རང་ཉིད་ལ་འགན་འཁུར་བ། དེ་བཞིན་དོ་དམ་ནན་པའི་ཁུལ་དང་། དཔེ་སྟོན་ཁུལ། རྩེར་སོན་ཁུལ་བཅས་གཏོད་རྒྱུའི་བླང་བྱ་གཞིར་བཟུང་སྟེ་ཆབ་སྲིད་ལ་སྣང་ཆེན་དང་། མཐུན་སྒྲིལ་བྱེད་མཁས་པ། དངོས་སྒྲུབ་ལ་སྣང་ཆེན། སྒྲིག་ཁྲིམས་སྲུང་བ། སྒྲིག་སྲོལ་ལ་སྣང་ཆེན། ཀུན་སྤྱོད་ལ་སྣང་ཆེན་བཅས་བྱེད་པའི་གནའ་གྲོང་གི་ཧྲག་དམག་གི་དཔུང་ཁག་སྟོབས་ཆེན་ཞིག་བཏོད་པ་དང་། དོ་དམ་བཅོས་སྐྱོང་གི་ཞབས་ཞུ་ལ་ཤུགས་སྣོན་རྒྱག་པ་དང་འཛམ་གླིང་གི་ཡུལ་སྐོར་དམིགས་ས་གཏོད་པའི་གཙོ་དོན་ཐད་སྐུལ་སློང་བྱས་ཏེ།དུས་བབ་གསར་པ་དང་འཚམ་པར་བྱེད་པ་དང་། ཚད་གཞི་གསར་པ་བཟོ་བ། སྤྱོད་ཚུལ་གསར་པར་ཤུགས་སྣོན་རྒྱག་པ། གྲུབ་འབྲས་གསར་གཏོད་བྱེད་ཕོད་པ་བཅས་བྱས་ནས་གནའ་གྲོང་འདི་ཉིད་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་གཏོང་བའི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་བརྩམས་ཡོད་ཅེས་བཤད་པ་རེད།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社