分享按钮

གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་འཐབ་ཇུས་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་ཟླ་རེའི་དབྱེ་ཞིབ་ཐེངས་བཅུ་གཉིས་པ་དང་གྲོང་ཨུད་གྲོང་ཁྱེར་དོ་དམ་ཨུ་ལྷན་གཞུང་དོན་ཁང་གི་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་11ཚེས་21ཉིན།གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་འཐབ་ཇུས་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས་ཟླ་རེའི་དབྱེ་ཞིབ་ཐེངས་བཅུ་གཉིས་པ་དང་གྲོང་ཨུད་གྲོང་ཁྱེར་དོ་དམ་ཨུ་ལྷན་གཞུང་དོན་ཁང་གི་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ་རེད།གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲའོ་ཧུའེ་ཉན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་ཟླ་11ཚེས་4ཉིན་གྲོང་ཨུད་གྲོང་ཁྱེར་དོ་དམ་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ཀྱི་གསུང་བཤད་ཀྱི་དགོངས་དོན་དང་།དེ་བཞིན་འཕྲུལ་སྒུལ་མིན་པའི་འཁོར་རིགས་ཀྱི་ཟང་ཟིང་བཅོས་སྒྲིག་གི་ཆེད་དོན་ཚོགས་འདུའི་དགོངས་དོན།གྲོང་ཨུད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུའི་ཐོག་གི་གསུང་བཤད་ཀྱི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་།གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་ལྟ་སྐུལ་ཞིབ་བཤེར་སྐུལ་སྒྲུབ་ཚོགས་ཆུང་དང་།དྲིལ་བསྒྲགས་གཏོང་སྤེལ་ཚོགས་ཆུང་།བྱ་སྤྱོད་ཆེན་པོ་བརྒྱད་ཀྱི་ཆེད་དོན་ཚོགས་ཆུང་གི་ཟླ་རེའི་ལས་དོན་སྤེལ་ཚུལ་དང་ལྷག་པའི་གནད་དོན།རྗེས་མའི་འཆར་གཞི་བཅས་གསན་པ།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-26 6 6 拉萨日报藏文 c191677.html 1 གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་འཐབ་ཇུས་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་ཟླ་རེའི་དབྱེ་ཞིབ་ཐེངས་བཅུ་གཉིས་པ་དང་གྲོང་ཨུད་གྲོང་ཁྱེར་དོ་དམ་ཨུ་ལྷན་གཞུང་དོན་ཁང་གི་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ། /enpproperty-->