ཉེས་གསོག་པར་རྡུང་རྡེག་གཏོང་བ་དང་མི་དམངས་ལ་སྲུང་སྐྱོང་བྱེད་པའི་ཆེས་མདུན་སར་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་བ་མི་སྒེར་འདི་ལྟ་བུ་ཞིག་ཡོད་པ་སྟེ། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གི་རུ་ཆེན་བཞི་པའི་རུ་དཔོན་དབྱང་ཞུའེ་ཅུན་ནི་དཔའ་མཛངས་གཉིས་ལྡན་གྱི་གྱོད་གཞི་རྩད་གཅོད་མཁན་ཕུལ་བྱུང་ཉེས་དོན་ཉེན་རྟོག་པ་ཞིག་ཡིན་པར་མ་ཟད། དེ་བས་མི་རིགས་མཐུན་སྒྲིལ་གྱི་སྦྲེལ་ཟམ་ལྟ་བུ་ཞིག་ཀྱང་ཡིན། ཁོང་གིས་ཤེས་ཚོར་སྐྱེན་པའི་གསལ་རྟོགས་ནུས་པ་དང་འཕྲལ་ཐག་ཆོད་པའི་བྱ་སྤྱོད་ཀྱི་ནུས་པར་བརྟེན་ནས།གྱོད་གཞི་རྩད་ཞིབ་བྱེད་པའི་ཁྲོད་དུ་བྱས་རྗེས་ངོ་མཚར་ཅན་མང་པོ་བཞག་ཡོད། དེ་དང་ཆབས་ཅིག་ཁོང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱེད་སྒོའི་ནང་ཧུར་ཐག་ཞུགས་ཏེ།ལྷག་བསམ་དང་སྤྲོ་སེམས་ཀྱི་ཐོག་ནས་མི་རིགས་ཁག་དབར་གྱི་མཛའ་གྲོགས་ཀྱི་སྦྲེལ་ཟམ་བཏོད་ཡོད།
2004ལོའི་ཟླ་9པར། ཀྲེང་ཀྲོའུ་ལྕགས་ལམ་ཉེན་རྟོག་སློབ་གླིང་ནས་མཐར་ཕྱིན་མ་ཐག་པའི་དབྱང་ཞུའེ་ཅུན་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་ལ་ལས་བགོས་བརྒྱབ་ནས་ཉེས་དོན་གྱོད་གཞི་ཐོན་ཡུལ་དུ་རྩད་ཞིབ་བྱེད་པའི་ལས་ཀ་བསྒྲུབས་ཤིང་། ན་གཞོན་ཉེས་དོན་མི་དམངས་ཉེན་རྟོག་པ་ཞིག་ཡིན་པའི་ཆ་ནས་ཁོང་གིས་ཡུལ་དངོས་སུ་རྩད་ཞིབ་ཀྱི་ཤེས་བྱར་བརྩོན་ཞིབ་བྱས་ཏེ། རྗེས་ཤུལ་ལ་ཞིབ་བཤེར་གསལ་འབྱེད་བྱེད་པའི་ནུས་པ་དང་མཛུབ་རིས་རང་འགུལ་གྱིས་དབྱེ་འབྱེད་བྱེད་པའི་མ་ལག་གི་བཀོལ་སྤྱོད་ལག་རྩལ་ཇེ་མཐོར་བཏང་བར་མ་ཟད། འགོ་ཁྲིད་དང་རྒན་རབས་པས་གསོ་སྐྱོང་བྱས་པར་བརྟེན། མགྱོགས་མྱུར་ངང་ཉེས་དོན་རྩད་ཞིབ་མི་སྣ་རྩེ་གྲ་ཞིག་ཏུ་གྱུར་ཡོད་ལ། གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་ནང་ཀུན་གྱིས་ཁས་ལེན་པའི་ལག་རྩལ་མཁས་པ་ཞིག་ཏུ་གྱུར། དུས་ཡུན་རིང་པོའི་ནང་།དབྱང་ཞུའེ་ཅུན་གྱིས་ཐོག་མཐའ་བར་གསུམ་དུ་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ནས་བློ་བརྟན་འགྱུར་མེད་ངང་།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社