ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་9པའི་ཟླ་མཇུག་ནས་བཟུང་།ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚན་རིག་དང་མཐུན་པའི་ཐབས་ཇུས་བཏོན་ནས་དངུལ་རྩ་འཕར་བྱེད་ཀྱི་སྲིད་ཇུས་རབ་དང་རིམ་པ་བཏོན་ཚུན་རང་ལྗོངས་ཀྱིས་མ་གནས་དམའ་རུ་གཏོང་བ་དང་།ས་ཁང་ཐོན་ལས་བརྟན་དུ་གཏོང་བ།མ་རྐང་ཁྲོམ་ར་འཕེལ་རྒྱས་སུ་གཏོང་བ། ཁེ་ལས་ལ་རོགས་སྐྱོར་བྱེད་པ་སོགས་ཀྱི་ཐད་ནུས་ཤུགས་ཡོད་རྒུས་སྲིད་ཇུས་ཁག་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ཡོད། ཟླ་11ཚེས་22ཉིན།རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་དངུལ་རྩའི་ཁོངས་གཏོགས་ཀྱིས་འཕར་བྱེད་ཀྱི་སྲིད་ཇུས་རབ་དང་རིམ་པ་དོན་འཁྱོལ་བྱ་རྒྱུ་ཁྱོན་ཡོངས་ནས་ངོ་སྤྲོད་བྱས་པ་དང་།ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་ཚུལ་དང་རྒྱུན་མཐུད་ངང་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་བྱ་ཐབས་དང་སྲིད་ཇུས་དྲིལ་བསྒྲགས་བྱས་ནས་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་བཏང་ཡོད།
གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་དགོས་ངེས་རང་བཞིན་དང་སྣ་མང་ཅན་གྱི་ལེགས་གཏོང་རང་བཞིན་གྱི་སྡོད་ཁང་གི་དགོས་མཁོར་སྔར་བས་རྒྱབ་སྐྱོར་ཡག་པོ་བྱ་ཆེད།རང་ལྗོངས་ཀྱི་དངུལ་རྩའི་སྒྲིག་གཞིས་གྲོང་ཁྱེར་གྱི་ས་ཁང་བདག་ཁོངས་ཀྱི་མ་དངུལ་བསྡུ་སྒྲིལ་མཐུན་སྦྱོར་གྱི“མིང་ཐོ་དཀར་པོའི”ལམ་སྲོལ་གཞིར་བཟུང་། “མིང་ཐོ་དཀར་པོའི”རྣམ་གྲངས་16གྲུབ་པ་དང་།མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོར་སྒོར་དུང་ཕྱུར་33.2སྤྲད་པ་དང་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་17.2བཏང་ཡོད། ཚོང་ལས་རང་བཞིན་གྱི་མི་སྒེར་གྱི་སྡོད་ཁང་དངུལ་བུན་དེ་སྡོད་ཁང་ཐོག་མ་དང་གཉིས་པ་ཞེས་མི་དབྱེ་བར་ཐོག་མར་དངུལ་སྤྲོད་པའི་བསྡུར་གྲངས་དམའ་ཤོས་དེ་བརྒྱ་ཆ་15ལས་མི་དམའ་བ་བྱ་རྒྱུ་ཡིན་པ་རེད།དེ་དང་ཆབས་ཅིག་སྡོད་ཁང་ཁེ་ལས་གསར་སྤེལ་གྱི་དངུལ་བུན་དང་ཡིད་རྟོན་མངགས་བཅོལ་གྱི་དངུལ་བུན་སོགས་གསོག་འཇོག་མ་དངུལ་བསྡུ་སྒྲིལ་ལུགས་མཐུན་ངང་དུས་ཚོད་ཕྱིར་འགྱངས་བྱེད་པར།
(པར་ངོས་གཉིས་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社