分享按钮

ལོ་བཅུ་ཕྲག་རིང་གངས་ལྗོངས་ས་མཐོ་བརྟན་སྲུང་བྱས་ཏེ་བདེ་ཐང་ལ་སྲུང་སྐྱོང་དང་མི་སེམས་ལ་དྲོ་སྐྱིད་སྦྱིན་པ།

ཕུལ་བྱུང་གི་དམངས་གཉེར་ཁེ་ལས་པ་ཝང་པིན་གྱི་སྐོར་བཀོད་པ།

1997ལོར་རང་ལྗོངས་ལ་ཕེབས་རྗེས། ཁོང་གིས་སྔ་རྗེས་སུ་ཧྥུའུ་ཁང་སྨན་ཁང་ཆེན་པོ་དང་། ཧྥུའུ་ཁང་སྨན་ཁང་། བུད་མེད་དང་བུ་བཙའ་ཡན་ལག་ཁང་། རང་ལྗོངས་ཀྱི་ས་མཐོའི་སྐྱེ་འཕེལ་གསོ་རིག་ལྟེ་གནས་ཐོག་མ་བཅས་བཙུགས་པ་དང་། སྐྲན་ནད་སྨན་ཁང་དང་པོ་གྲབས་འཛུགས་བྱས་པ་རེད། དེ་བས་ཁོང་ལ་རྒྱལ་ཡོངས་ཀྱི་ལས་བཟོ་བར་གཅེས་སྐྱོང་བྱེད་པའི་ཕུལ་བྱུང་དམངས་གཉེར་ཁེ་ལས་པ་དང་། ཀྲུང་ཧྭའི་དགེ་སྒྲུབ་མི་སྣའི་ལེགས་སྐྱེས་བྱ་དགའ། བོད་ལྗོངས་ཀྱི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས། ལྷ་སའི་ཕུལ་བྱུང་གཞོན་ནུ་བཅུ་སོགས་ཀྱི་མཚན་སྙན་ཐོབ་ཅིང་། ལོ་25ཡི་རིང་། ཁོང་གངས་ལྗོངས་ས་མཐོའི་འོད་ཟེར་སྟོང་ལྡན་གྱི་ལམ་བུའི་ཐོག་བསྐྱོད་པ་རེད། ཁོང་ནི་བོད་ལྗོངས་ཧྥུའུ་ཁང་སྨན་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་བོད་ལྗོངས་ཧྥུའུ་ཁང་སྨན་བཅོས་མ་རྐང་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཝང་པིན་ཡིན་པ་རེད།

ཝང་པིན་གྱི་གཞུང་ལས་ཁང་ནང་དུ། གསར་འགོད་པས་བདེ་སྐྱིད་ཀྱིས་བྲིས་གནང་བའི་ཐུགས་རྗེ་ལེགས་འབུལ་གྱི་འཕྲིན་ཡིག་ཅིག་མཐོང་བ་སྟེ། དེའི་སྟེང་དུ། ངས་སྐད་ཆ་སྟོང་ཕྲག་མང་པོས་ཁྱེད་ཀྱི་བཀའ་དྲིན་བརྗོད་མི་ཚར་ལ། སྐད་ཆ་སྟོང་ཕྲག་མང་པོས་ཁྱེད་ཀྱི་སྐུ་དྲིན་གླེང་མི་ཚར། ང་དང་ངའི་བུ་མོ་ཧྥུའུ་ཁང་མེ་ཏོག་ནི་ཁྱེད་ཀྱིས་སྐྱོབ་མྱོང་བའི་མི་ཁྲི་སྟོང་མང་པོའི་ཁྲོད་ཀྱི་གཅིག་ཡིན་མོད། འོན་ཀྱང་ཁྱེད་ནི་ང་ཚོའི་མི་ཚེ་ལ་འོད་སྣང་སྦྱིན་པའི་ཉི་མ་དེ་ཡིན་ཞེས་བྲིས་ཡོད།

གཏམ་རྒྱུད་འདི་ཐུགས་རྗེའི་ལེགས་འབུལ་ཞུ་བའི་འཕྲིན་ཡིག་འདི་དང་སྦྱར་ནས་བཤད་དགོས་པ་སྟེ། ལོ་དགུ་ཡི་གོང་ལ། ཁྱིམ་མི་ཡོངས་ཀྱི་རེ་སྒུག་འོག བདེ་སྐྱིད་ལ་མངལ་ཆགས་པ་དང་། ཁོང་དང་ཁོང་གི་བཟའ་ཟླ་གཉིས་ཀྱང་ཚེ་སྲོག་གསར་པ་དེར་བསུ་བའི་དགའ་སྤྲོའི་དཔལ་ལ་རོལ་བཞིན་ཡོད་མོད། འོན་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ་བདེ་སྐྱིད་ཀྱི་ཁྱོ་ག་གློ་བུར་དུ་ཚེ་ལས་འདས་པ་དང་། མངལ་དུ་སྦྲུམ་པའི་བྱིས་པ་དེ་ཡང་ཨ་ཕ་མེད་པའི་བྱིས་པ་ཞིག་ཏུ་གྱུར། 2015ལོའི་གནམ་ལོ་གསར་ཚེས་ཀྱི་སྐབས་སུ། བདེ་སྐྱིད་ཀྱི་བུ་མོ་ཧྥུའུ་ཁང་སྨན་ཁང་དུ་སྐྱེས་པ་རེད། སྤྱིར་ཡིན་ན་དེ་ནི་སྤྲོ་སྣང་ལྡན་པའི་ཉིན་མོ་ཞིག་ཡིན་མོད། འོན་ཀྱང་སྐྱེས་མ་ཐག་བུ་མོར་ལྷན་སྐྱེས་ཀྱི་མིད་པ་ཁ་ཟུམ་པའི་ནད་ཕོག་ཡོད་པ་ཤེས་རྟོགས་བྱུང་བ་དང་། ཚེ་སྲོག་ལ་ཉེན་ཁ་ཆེན་པོ་འཕྲད་པས། ལྗོངས་ཕྱིར་སྨན་བཅོས་བྱེད་པར་འགྲོ་དགོས་བྱུང་། བདེ་སྐྱིད་ཀྱི་ཁྱིམ་མི་ཚང་མས་གནས་ཚུལ་དེར་སེམས་ཁྲལ་བྱེད་སྐབས། ཝང་པིན་གྱིས་མ་དངུལ་སྒོར་ཁྲི་20བཏང་ཞིང་།སི་ཁྲོན་ཞིང་ཆེན་མི་དམངས་སྨན་ཁང་དང་ཧྥུའུ་ཏན་སློབ་ཆེན་གྱི་ཞོར་གཏོགས་བྱིས་པའི་སྨན་ཁང་གཉིས་ཀྱིས་གཤགས་བཅོས་བྱས་ནས་ཕྲུ་གུ་ཚེ་སྲོག་གི་ཉེན་ཁ་ལས་ཐར། ཧྥུའུ་ཁང་སྨན་ཁང་གིས་རོགས་རམ་གནང་བར་ཐུགས་རྗེ་ལེགས་འབུལ་ཞུ་ཆེད། བདེ་སྐྱིད་ཀྱིས་ཕྲུ་གུའི་མིང་ལ་ཧྥུའུ་ཁང་མེ་ཏོག་ཅེས་བཏགས་པ་དང་། ཕྲུ་གུ་ཧྥུའུ་ཁང་སྨན་ཁང་དུ་མེ་ཏོག་ལྟར་འཚར་ལོངས་ཡོང་རྒྱུའི་རེ་བ་བྱས། ཁོང་མ་སྨད་གཉིས་ཀྱི་འཚོ་བ་སྔར་བས་བརྟན་པོ་ཡོང་བར་བྱ་ཆེད། (པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-25 ཕུལ་བྱུང་གི་དམངས་གཉེར་ཁེ་ལས་པ་ཝང་པིན་གྱི་སྐོར་བཀོད་པ། 6 6 拉萨日报藏文 c191578.html 1 ལོ་བཅུ་ཕྲག་རིང་གངས་ལྗོངས་ས་མཐོ་བརྟན་སྲུང་བྱས་ཏེ་བདེ་ཐང་ལ་སྲུང་སྐྱོང་དང་མི་སེམས་ལ་དྲོ་སྐྱིད་སྦྱིན་པ། /enpproperty-->