分享按钮

ལྷ་ས་གྲོང་ཁྱེར“རང་བྱུང་ཁམས་ཀྱི་ གྲོང་ཁྱེར”ལ་བདམས་པ།

བོད་ལྗོངས་ཀྱི་ཐོག་མར་གྱུར་པ།

ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་ལ་རྒྱལ་ཁབ་ཀྱི་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་གྲོང་ཁྱེར་དང་། ཀྲུང་གོའི་ལྗང་མདོག་གི་གྲོང་ཁྱེར་ཡག་ཤོས་བཅུ། ཁག་གཉིས་པའི་མཛེས་ལྡན་གཙང་མཚེའུ་ཡི་གནམ་མཚོ་སོགས་ཀྱི་མཚན་སྙན་སྔ་རྗེས་སུ་ཐོབ་ཡོད། ཉེ་ཆར། མཉམ་འབྲེལ་རྒྱལ་ཚོགས་ཀྱི《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅུ་དྲུག་པ་ཁོ་ལོམ་པི་ཡའི་ཁ་ལི་གྲོང་ཁྱེར་དུ་འཚོགས་པ་དང་། ཚོགས་ཆེན་གྱི་གཞུང་ཕྱོགས་བྱེད་སྒོའི་གོ་ལ་ཧྲིལ་པོའི་ས་གནས་སྲིད་གཞུང་དང་གྲོང་ཁྱེར་གྱི་དབུ་ཚོགས་སྐབས་བརྒྱད་པར། “སྐྱེ་དངོས་སྣ་མང་རང་བཞིན་ལྡན་པའི་ཐུན་མིན་གྱི་གྲོང་ཁྱེར”སྐབས་གཉིས་པ་དང་། “རང་བྱུང་ཁམས་གྱི་གྲོང་ཁྱེར”གསར་པར་བདམས་ཐོན་བྱུང་བའི་མིང་ཐོ་དངོས་སུ་ཁྱབ་བསྒྲགས་བྱས་ཤིང་། ལྷ་ས་གྲོང་ཁྱེར་འདི་ཉིད“རང་བྱུང་ཁམས་ཀྱི་གྲོང་ཁྱེར”ལ་བདམས་ཐོན་བྱུང་ནས་སླར་ཡང་རྒྱལ་སྤྱིའི་འབྱུང་ཁམས་ལ་མིང་བྱང་གསར་པ་ཞིག་བསྣན་པ་དང་། འདི་ནི་བདམས་ཐོན་བྱུང་བའི་བོད་ལྗོངས་ཀྱི་གྲོང་ཁྱེར་ཐོག་མར་གྱུར་ཡོད།

ལྷ་ས་གྲོང་ཁྱེར་ནི་མཚོ་བོད་ས་མཐོའི་དབུས་རྒྱུད་དུ་གནས་པ་དང་། དེར་ཐུན་མོང་མ་ཡིན་པའི་རང་བྱུང་ས་ཁམས་ཀྱི་ཆ་རྐྱེན་ལྡན་པས་སྐྱེ་དངོས་སྣ་མང་རང་བཞིན་དང་འབྱུང་ཁམས་མ་ལག་སྣ་མང་རང་བཞིན་སྐྱེད་སྲིང་ཐུབ་ཡོད། མིག་སྔའི་བར་གྲོང་ཁྱེར་ཡོངས་སུ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་2དང་། རང་སྐྱོང་ལྗོངས་རིམ་པའི་སྲུང་སྐྱོང་ཁུལ་1 གྲོང་ཁྱེར་རིམ་པའི་སྲུང་སྐྱོང་ཁུལ་3 མཛེས་ལྗོངས་གྲགས་ཅན་1 རྒྱལ་ཁབ་ཀྱི་རང་བྱུང་སྤྱི་གླིང(ཚོད་ལྟའི་ཁུལ་1)4 སྲུང་སྐྱོང་ཁུལ་ཆུང་1 འཚོ་གནས་ཁུལ་གལ་ཆེན་1 གྲོང་ཁྱེར་རིམ་པའི་འདམ་རའི་འབྱུང་ཁམས་ནུས་པ་སྲུང་སྐྱོང་ཁུལ་18བཅས་ཡོད། འབྱུང་ཁམས་སྲུང་སྐྱོང་གི་དམར་ཐིག་དེ་གྲོང་ཁྱེར་ཡོངས་ཀྱི་རྩ་ཆེ་ལ་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་འཚོ་གནས་བྱ་ཡུལ་གྱི་བརྒྱ་ཆ་80ཡན་ལ་ཁྱབ་ཅིང་། རིགས་སྣ་མང་བ་དང་། ནུས་པ་འཐུས་སྒོ་ཚང་བ། ས་ཁོངས་ཀྱི་ཁྱབ་ཚུལ་ལུགས་མཐུན་བཅས་ཀྱི་ཁྱད་ཆོས་ལྡན་པའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོང་མ་ལག་ཅིག་རགས་ཙམ་ཆགས་ནས། ལྷ་སའི་རིགས་ཁག་གི་སྐྱེ་དངོས་ཀྱི་འཕེལ་ཁ་ལ་སྲུང་སྐྱོང་དེ་བས་ཐུབ་ཡོད། དེའི་ནང་། “གྲོང་ཁྱེར་གྱི་གློ་བ”རུ་འབོད་པའི་ལྷ་ཀླུའི་འདམ་ར་སྟེ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དང་། མཚོ་བོད་ས་མཐོའི་མདུན་བདར་སྲོག་ཆགས་ཏེ་གསའ་དང་དེ་བཞིན་དེའི་འཚོ་སྡོད་ཁུལ་ཏེ་གནས་ནང་རང་བྱུང་སྲུང་སྐྱོང་ཁུལ་ལས་ལྷ་སའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཐོན་མིན་ཁྱད་ཆོས་དེ་བས་མངོན་ཐུབ།

སྐྱེ་དངོས་སྣ་མང་རང་བཞིན་གྱི་བརྟག་དཔྱད་ལས་མངོན་པར་གཞིགས་ན། ལྷ་ས་གྲོང་ཁྱེར་དུ་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ཕུན་སུམ་ཚོགས་ཤིང་། རྒྱལ་ཁབ་ཀྱིས་གཙོ་གནད་དུ་སྲུང་སྐྱོང་བྱེད་པའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ལ། གསའ་དང་། ཤྭ་བ་མཆུ་དཀར། གླ་བ། ཁྲུང་ཁྲུང་སྐེ་ནག གོ་བོ། སྲོ་ལོ་དམར་པོ། ཐང་ཁྲོམ་ནག་པོ་སོགས་དང་། མཚོ་བོད་ས་མཐོ་ཁོ་ནར་ཡོད་པའི་སྐྱེ་དངོས་ལ། ཝ་མོ་དང་། གོང་མོ། འཕྱི་བ། ལྷ་སའི་ལིའེ་ཧྥུའུ་ཉ། བོད་ཀྱི་ཆུ་ཚན་སྦྲུལ། བོད་ཀྱི་སོ་ཕྱིར་བུད་སྦལ་པ་སོགས། སྐྱེ་ཁམས་མ་ལག་ལ། ནགས་ཚལ་དང་། སྡོང་ཕྲན་ནགས་རྫོབ། སྤང་། ཐང་རྒོད། འདམ་ར། ཞིང་ཁ། གྲོང་ཁྱེར་གྱི་སྐྱེ་ཁམས་མ་ལག་སོགས་ཡོད།

སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་དེ་དག་ནི་ལྷ་ས་གྲོང་ཨུད་དང་། (པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-25 བོད་ལྗོངས་ཀྱི་ཐོག་མར་གྱུར་པ། 6 6 拉萨日报藏文 c191581.html 1 ལྷ་ས་གྲོང་ཁྱེར“རང་བྱུང་ཁམས་ཀྱི་ གྲོང་ཁྱེར”ལ་བདམས་པ། /enpproperty-->