དགུན་དུས་ཀྱི་སན་ཡ་ཡི་ཡུལ་ལྗོངས་ནི་སྔོ་ཐིང་ཐིང་དུ་གནས་ཤིང་། མཚོ་འགྲམ་གྱི་བྱེ་ཐང་དང་།རྒྱ་མཚོའི་རྦ་རླབས་ལ་སྤྲོ་སེམས་དང་གསོན་ཤུགས་ཀྱིས་ཕྱུག་ཡོད།
ཟླ་11ཚེས་22ཉིན་གྱི་དགོང་མོར། མཐུན་སྒྲིལ་འབད་འཐབ་ཀྱིས་གྲུ་གཡོར་འཕྱར་ནས་རྒྱང་སྐྱོད་བྱེད་ཅེས་པ་གཙོ་དོན་དུ་བྱས་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པ་ཧའེ་ནན་ཞིང་ཆེན་སན་ཡ་གྲོང་ཁྱེར་ལུས་རྩལ་ལྟེ་གནས་སུ་གཟབ་རྒྱས་ངང་འགོ་ཚུགས་ཤིང་། མི་རིགས་56གི་ལུས་རྩལ་པ་རྣམས་ནི་མཐོ་གངས་རིའི་རྩེ་མོ་དང་། དམའ་འབྲི་ཆུའི་ལྷོ་རྒྱུད། བར་ས་སེར་མཐོ་སྒང་སོགས་ནས་ཡོང་བ་ཞིག་ཡིན།ཁོང་ཚོ་རི་ཀླུང་བརྒལ་ནས་ལྷོ་རྒྱ་མཚོའི་འགྲམ་དུ་འཛོམས་ཏེ་ཐུན་མོང་ཐོག་ལུས་རྩལ་གྱི་འདུ་ཚོགས་གཟབ་རྒྱས་ཤིག་འཚོགས་ནས་མི་རིགས་ཀྱི་མཐུན་སྒྲིལ་གྱི་གླུ་དབྱངས་བླངས་ཡོད།
ཚོགས་རར་འཛུལ་བའི་མཛད་སྒོའི་ཐོག དར་ཆ་སྒྲེང་མཁན་1དང་།དར་ཆ་སྲུང་མཁན་2ལུས་རྩལ་པ་77སོགས་ལས་གྲུབ་པའི་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་པའི་རུ་སྟར་གྲུ་བཞི་ངོ་མཚར་ཆེ་བའི་ངང་ལུས་རྩལ་ཐང་དུ་བསྐྱོད།
སྐར་ཆ་30ཡི་འཁྲབ་སྟོན་ནང་འཁྲབ་སྟོན་པས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྟེ་རལ་པའི་སྒྱུ་རྩལ་གྱི་བུད་མེད་ཀྱི་རྔ་རྩལ་དང་སྐྱེས་པའི་ཞབས་བྲོའི་ཁྱད་ཆོས་མཉམ་བསྲེས་བྱས་ཏེ་ས་མཐོའི་བུ་ཕྲུག་གི་ཉམས་འགྱུར་ལེཊ་པར་མངོན་པས་ཡུལ་དངོས་ཀྱི་ལྟད་མོ་བས་དགའ་བསུ་ཡང་ཡང་ཞུས་ཡོད།
འགོ་ཚུགས་མཛད་སྒོའི་རལ་པ་ཞབས་བྲོའི་བུད་མེད་ཀྱི་རྔ་རྩལ་འཁྲབ་སྟོན་པ་དང་།
(པར་ངོས་བཞི་པར་གཟིགས)
པར་འདི་ནི་ཟླ་11ཚེས་22ཉིན་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོཊ་པ་འགོ་ཚུཊ་མཛད་སྒོར་ཞུཊ་པའི་རྣམ་པ་ཡིན།
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社