ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། དུས་རབས་གསར་པའི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་གི་རྨང་གཞི་བརྟན་གཏོང་དང་སྤུས་ཚད་མཐོར་གཏོང་གི་འདུ་འགོད་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། ཉིན་ཤས་གོང་། ལྷ་སའི་མེ་འཁོར་འབབ་ཚུགས་ཏང་ཨུད་ཀྱིས་གདོང་ལེན་བུམ་པའི་སྤུས་ལེགས་ཏང་གི་སློབ་ཚན་གྱི་དཔྱད་བསྡུར་བྱེད་སྒོ་སྤེལ་བ་རེད།
དཔྱད་བསྡུར་བྱ་ཡུལ་དུ་ཏང་ཀྲི་པུའུ་བཞི་ནས་ཡོང་བའི་བདམས་ཐོན་པ་ཚོས་དགོངས་པར་སློབ་སྦྱོང་དང་། ཏང་གཤིས་བརྟན་གཏོང་། ལག་ལེན་ལ་མཐོང་ཆེན། བྱས་རྗེས་གསར་འཇོག་བཅས་ཀྱི་གཙོ་དོན་ལ་དམིགས་ནས《དུས་རབས་གསར་པའི་ལྕགས་ལམ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་འཚོལ་ཞིབ》དང་།《འབད་འཐབ་ནི་ལྕགས་ལམ་གཞོན་ནུའི་ལང་ཚོ་ཡིན་པའི་བརྗོད་དོན་གཙོ་བོ》 《མཚོ་བོད་ལྕཊ་ལམ་གྱི་སྙིང་སྟོབས》སོགས་ཀྱི་ནང་དོན་དང་ཟུང་འབྲེལ་བྱས་ཏེ།གྲ་སྒྲིག་ཞིབ་ཚགས་དང་བརྗོད་གཞི་ནན་ཏན་ངང་འདེམས་པ་དང་འཚོ་བ་དང་ལས་ཀའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་ཀྱིས་གཏམ་རྒྱུད་ཤོད་པ་དང་། དཔེ་མཚོན་འགོད་པ། ཐོག་མའི་བསམ་འདུན་གླེང་བ་བཅས་བྱས་ཡོད། ཁོང་ཚོས་ཏང་གཤིས་སློབ་གསོ་དང་ལས་སྒོའི་རྩལ་ནུས་སོགས་ལ་དམིགས་ནས་ལྟ་ཕྱོགས་མི་འདྲ་བའི་ཐོག་ནས་འགན་འཁྲི་འཁུར་ཕོད་པ་དང་། ཁྱིམ་ཞེན་རྒྱལ་ཞེན་གླེང་བ། འཕེལ་རྒྱས་ཀྱི་གྲུབ་འབྲས་གླེང་བ། དུས་རབས་ཀྱི་སྙིང་སྟོབས་ལ་བསྟོད་པ་བཅས་བྱས་པས་བྱེད་སྒོའི་བརྗོད་དོན་ཁ་གསལ་བ་དང་། ནང་དོན་ཕུན་སུམ་ཚོགས་པ། རྣམ་པ་གསོན་ཉམས་ལྡན་པ་བཅས་ཡོད་པ་རེད།
ཛ་དྲག་གི་འགྲན་བསྡུར་བྱས་པ་བརྒྱུད་ད་ཐེངས་ཀྱི་བྱེད་སྒོའི་ནང་བྱ་དགའ་ཨང་དང་པོ་1དང་། བྱ་དགའ་ཨང་གཉིས་པ་2 བྱ་དགའ་ཨང་གསུམ་པ་3 ཕུལ་བྱུང་གི་བྱ་དགའ་3བཅས་བདམས་ཐོན་བྱུང་བ་རེད།
ལྷ་སའི་མེ་འཁོར་འབབ་ཚུགས་ཀྱི་ཀྲན་ཀྲང་ཝང་ཧྥུའུ་ཡིས་རེ་བར་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ད་ཐེངས་ཀྱི་ཏང་གི་སློབ་ཚན་སློབ་གསོའི་ཁྲོད་ནས་གྲུབ་འབྲས་ཐོབ་པར་བྱས་ཏེ་ངལ་རྩོལ་ལས་སྒྲུབ་ཀྱི་བདེ་འཇགས་ལ་མཐོང་ཆེན་བྱེད་པ་དང་། ལས་བྱེད་པའི་སྤྱོད་ཚུལ་བསྒྱུར་རྒྱུར་དམ་འཛིན་ནན་པོ་བྱ་རྒྱུ་ནས་འགོ་བཙུགས་ཏེ་རྟག་ཏུ་བློ་བཟོད་མི་བདེ་བའི་འགན་འཁྲི་འཁུར་སེམས་ཐོག་ནས་ཉེན་ཁར་སྔོན་འགོག་ཚོད་འཛིན་དང་མངོན་མེད་རྐྱེན་ངན་བཅོས་སྒྲིག་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། མེ་འཁོར་འབབ་ཚུཊ་ཀྱི་བདེ་འཇཊ་བརྟན་ལྷིང་གི་རྣམ་པ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་དགོས་ཞེས་བཤད། (ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社