ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།མེ་ཟོན་བདེ་འཇགས་ནི་རྟེན་མཛོད་ཁང་གི་དོ་དམ་ལས་དོན་གྱི་དམར་ཐིག་དང་། མཐའ་ཚད། སྲོག་རྩ་བཅས་ཡིན། རྟེན་རྫས་བཤམས་མཛོད་ཁང་གི་འཕྲལ་སྡོམ་དང་ལེན་དང་མེ་གསོད་རོགས་སྐྱོབ་ནུས་པ་སྔར་བས་ཆེ་རུ་གཏོང་བ་དང་། རྟེན་མཛོད་ཁང་གི་ལས་བཟོ་བ་ཡོངས་ཀྱི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ།ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་རིག་དངོས་ཐད་བདེ་འཇཊ་ཡོང་བ་བཅས་ལ་འགན་ལེན་བྱ་ཆེད། ཉེ་ཆར།བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གིས་ཕོ་བྲང་པོ་ཏ་ལའི་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱི་ཆེད་ལས་མེ་ཟོན་པ་ཆེད་མངཊ་གདན་དྲངས་ཏེ་རྟེན་མཛོད་ཁང་གི་ལས་བཟོ་བ་ཡོངས་ལ་མེ་ཟོན་བདེ་འཇགས་ཀྱི་གསོ་སྦྱོང་དང་འཕྲལ་སྡོམ་ནང་སྦྱོང་བྱས་པ་རེད།
ད་ཐེངས་མེ་ཟོན་བདེ་འཇགས་ཀྱི་གསོ་སྦྱོང་དང་འཕྲལ་སྡོམ་ནང་སྦྱོང་བྱས་པའི་དམིགས་ཡུལ་ནི་འཕྲལ་སྡོམ་དང་ཐོལ་བྱུང་དོན་རྐྱེན་ཐག་གཅོད་ཀྱི་ནུས་པ་ཆེ་རུ་བཏང་ནས་གློ་བུར་དུ་ཛ་དྲག་གི་གནས་ཚུལ་ཐོན་སྐབས་མགྱོགས་མྱུར་དང་། ནུས་ཆེ། གནད་འཁེལ་བཅས་ཀྱི་སྒོ་ནས་ཐག་གཅོད་ཐུབ་པར་བྱ་རྒྱུ་དེ་རེད། དེ་དང་ཆབས་ཅིག་ལས་བཟོ་བས་མེ་སྐྱོན་གྱི་ཉེན་བརྡ་དང་། འཕྲལ་སྡོམ་དང་ལེན་བྱེད་པ། མེ་གསོད་སྒྲིག་ཆས་བཀོལ་སྤྱོད་སོགས་ཀྱི་བརྒྱུད་རིམ་ལ་བྱང་ཆ་ལྡན་མིན་ཐད་ཞིབ་བཤེར་བྱས་ཏེ།མེ་སྐྱོན་གྱི་འཕྲལ་སྡོམ་གནས་ཚུལ་འོག་ཚན་པ་ཁག་གི་མཐུན་སྦྱོར་གཞོགས་འདེགས་ནུས་པ་དང་།ལས་བྱེད་པ་དང་ལས་བཟོ་བའི་ཉེན་གཡོལ་རང་སྐྱོབ་ཀྱི་རྩལ་ནུས་ཆེ་རུ་བཏང་ནས་མི་ཚང་མ་མེ་ཟོན་པ་ཡིན་པའི་རྣམ་པ་ཟབ་མོ་ཞིག་ཆགས་པར་བྱ་རྒྱུ་ཡིན་པ་རེད།
མེ་ཟོན་པས་རྟེན་རྫས་བཤམས་མཛོད་ཁང་གི་སྐྲུན་དངོས་དང་། ཉར་ཚགས་རིག་དངོས། དེ་བཞིན་མི་སྣ་འདུ་འཛོམས་ཆེ་བ་སོགས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ།མེ་སྐྱོན་གྱི་གནོད་འཚེའི་རང་བཞིན་དང་དེ་བཞིན་མེ་གསོད་ཡོ་བྱད་དང་། མེ་གསོད་ཁེབས། མེ་ཟོན་གྱོན་ཆས་སོགས་བེད་སྤྱོད་བྱེད་སྟངས་རྒྱས་བཤད་བྱས་པ་དང་འབྲེལ་མེ་སྐྱོན་ཐོག་མར་བྱུང་དུས་མགྱོགས་མྱུར་དང་ནུས་ལྡན་གྱིས་ཁ་གཏད་གཅོག་ཐབས་ནན་བཤད་བྱས་པ་དང་།ཡུལ་དངོས་སུ་མེ་སྐྱོན་ལ་ཁ་གཏད་གཅོག་སྐབས་མེ་གསོད་ཡོ་བྱད་བེད་སྤྱོད་གཏོང་སྟངས་དང་མེ་ཟོན་གྱོན་ཆས་གྱོན་སྟངས་སོཊ་དཔེ་སྟོན་བྱས་པ་རེད།
དངོས་སྦྱོང་བྱེད་པའི་བརྒྱུད་རིམ་ཁྲོད་སྦྱོང་བརྡར་ནང་ཞུགས་མཁན་ཚང་མས་མེ་གསོད་ཡོ་བྱད་སྤྱད་དེ་མེ་ཤོར་མ་ཐག་ཏུ་མེ་གསོད་སྟངས་སྦྱངས་པ་རེད། ཚོད་འཛིན་ནན་པོ་བྱེད་པའི་བདེ་འཇགས་ཀྱི་ཁོར་ཡུག་ཁྲོད་ལས་བཟོ་བ་ཚོས་ཛ་དྲག་ངང་མེ་གསོད་པའི་བརྒྱུད་རིམ་ལ་མྱོང་ཚོར་ཐུབ་པ་དང་དེའི་ཁྲོད་ནས་མེ་སྐྱོན་བྱུང་སྐབས་སེམས་རྣལ་དུ་ཕབ་ནས་ཐག་གཅོད་བྱེད་པའི་གལ་ཆེའི་རང་བཞིན་ལ་ཤེས་རྟོགས་གཏིང་ཟབ་བྱུང་ཡོད།
ད་ཐེངས་ཀྱི་བྱེད་སྒོ་བརྒྱུད།ཚང་མས་མེ་གསོད་ཡོ་བྱད་སྤྱོད་པའི་རྩ་བའི་ཐབས་རྩལ་ཁོང་དུ་ཆུད་པར་མ་ཟད། མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་ཕྱིན་ནས་རྟེན་མཛོད་ཁང་དུ་ཉར་ཚགས་བྱས་པའི་རིག་དངོས་དང་རྟེན་མཛོད་ཁང་གི་སྤྱི་དམངས་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱ་ཆེད་སྲ་ཞིང་བརྟན་པའི་འགན་ལེན་ཐུབ་ཡོད།
(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社